ཁམས་དཀར་མཛེས་སུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ།

རྒྱ་གཞུང་གིས་བོད་མི་ཚོས་དྲག་ཤུགས་ཆེན་པོས་རང་སྲོག་གཅོད་པའི་ལམ་སྲོལ་དེ་ནི་འཇིགས་སྐུལ་དྲག་སྤྱོད་པའི་བྱ་བ་ཞིག་རེད་ཅེས་སྐྱོན་བརྗོད།

2011.10.26

༄༅༎རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བོད་མི་ཚོས་དྲག་ཤུགས་ཆེན་པོས་རང་སྲོག་གཅོད་པའི་ལམ་སྲོལ་དེ་ནི་འཇིགས་སྐུལ་དྲག་སྤྱོད་པའི་བྱ་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
ཁ་ས་བོད་མདོ་ཁམས་དཀར་མཛེས་ཁུལ་དགུང་ལོ་༣༡ལ་ཕེབས་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་ལ་ཞུགས་མེ་སྒྲོན་ནས་རྒྱ་གཞུང་གིས་བོད་མི་ཚོར་ཆོས་དད་རང་དབང་སྤྲོད་ཀྱི་མེད་པ་དང༌། བོད་ཐོག་དམ་དྲག་ཆེ་བའི་སྲིད་བྱུས་འཛིན་བཞིན་ཡོད་པར་ངོ་རྒོལ་གནང་འདུག།
དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་དགོན་པའི་ལོ་འཁོར་ཚོགས་མཆོད་ཐོག་དགེ་འདུན་པ་གཞན་ཚོས་སྒར་འཆམ་སྐྱོན་པའི་སྐབས་ཞིག་ལ་རང་ལུས་ལ་ས་སྣུམ་ཤོས་ནས་མེ་སྤར་གནང་སྟེ། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཞེས་སྐད་འབོད་སྐྱོན་པ་ཁོང་གི་ཉེ་ཁྲིས་སུ་ཡོད་པའི་དགེ་འདུན་པ་ཚོས་གསན་འདུག། མིག་མཐོང་དཔང་པོ་ཁག་གཉིས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ཡག་ལ། དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱི་དབུ་དང་མགུལ་ཡོངས་རྫོགས་ཚིག་ཡོད་པ་དང༌། ཁོང་གིས་དགོན་པའི་དགེ་འདུན་པ་ཚོར་ཁོང་སྐྱོབ་ཐབས་གནང་མི་དགོས་ཅེས་གསུངས་ཡོད་ནའང༌། ཁོང་སྨན་ཁང་དུ་འཁྱེར་བཞག།
དེ་རིང་པེ་ཅིང་དུ་བདུན་རེའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ཅིའང་ཡུ་ཡིས་དཀར་མཛེས་ཁུལ་གྱི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་དེ་གོ་འཐོས་བྱུང་བར་ངོས་ལེན་བྱས་ཡོད་ཀྱང་། དེ་ལྟར་དངོས་སུ་བྱུང་ཡོད་མེད་རྩད་གཅོད་ཐུབ་མེད་ལུགས་བརྗོད་འདུག།རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་ བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བའི་བྱ་སྤྱོད་དེ་ནི་༸གོང་ས་མཆོག་དང་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཚོས་བརྒྱུད་སྐུལ་གནང་བ་ཞིག་ཡིན་སྐོར་སྐྱོན་བརྗོད་ཞུས་པ་དང་སྦྲགས། རྒྱ་གཞུང་གི་མགྲིན་ཚབ་མས་བོད་མི་ཚོས་དྲག་ཤུགས་ཆེན་པོས་རང་སྲོག་བཅད་པའི་ལམ་སྲོལ་དེ་ནི་འཇིགས་སྐུལ་དྲག་སྤྱོད་པའི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎