བསྟན་འཛིན་བུ་ཁྲིད་ལགས་སུ་སློབ་ཐོན་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ།

2019-08-23
གློག་འཕྲིན།
མཆན།
Share
པར་བཀོད།
བསྟན་འཛིན་བུ་ཁྲིད་ལགས།
བསྟན་འཛིན་བུ་ཁྲིད་ལགས།
མཐུན་འགྱུར་པར་རིས།/RFA

བསྟན་འཛིན་བུ་ཁྲིད་ལགས་སུ་བྷེང་ལོར་ཀི་ར་སི་གཙུག་ལག་སློབ་ཆེན་ནས་སློབ་ཐོན་སློབ་མ་རྩེ་ཕུད་དང་སློབ་སྦྱོང་དྲག་གྲས་ཀྱི་གཟེངས་རྟགས་ཁག་གཉིས་ཐོབ་འདུག
འདི་ལོའི་ཕྱི་ཟླ་༣་པའི་ནང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཀི་ར་སི་གཙུག་ལག་སློབ་ཁང་གི་བསླབ་པ་མཐར་སོན་པའི་མཛད་སྒོའི་སྐབས། རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཁུངས་ཀྱི་གྲོང་སྡེ་ཨེས་ནས་ཡིན་པ་བུ་མོ་བསྟན་འཛིན་བུ་ཁྲིད་ལགས་ཕྱི་ལོ་༢༠༡༧་ནས་༡༩་ལོའི་བར་གཙུག་ལག་སློབ་ཁང་དེའི་ནང་གཙོ་བོ་དབྱིན་ཇིའི་སྐད་ཡིག་གི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་ཏེ་ཁོང་གི་འཛིན་གྲྭའི་ནང་ནས་བསླབ་པ་མཐར་སོན་པའི་སློབ་མ་རྩེ་ཕུད་དང་། སློབ་ཕྲུག་སློབ་སྦྱོང་དྲག་གྲས་ཀྱི་གཟེངས་རྟགས་ཁག་གཉིས་ཐོབ་ཡོད་པ་རེད་འདུག དེའི་སྐོར་བསྟན་འཛིན་བུ་ཁྲིད་ལགས་ཀྱི་ང་ཚོའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན། ཁོང་གིས། ཁོང་གི་ཕ་མའི་ལམ་སྟོན་ལྟར་སློབ་སྦྱོང་ལ་སྤྲོ་སྣང་ཡོད་པའི་ཐོག་འབད་བརྩོན་གང་ཐུབ་བྱས་ཏེ་འདི་ལྟ་བུའི་གྲུབ་འབྲས་ལོན་པ་ནི་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། དེ་བཞིན་རང་གི་ནང་མི་ཚོའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
བསྟན་འཛིན་བུ་ཁྲིད་ལགས་ཀྱིས་དེ་སྔོན་བྷེང་ལོར་ཇོ་ཏི་ནི་ཝས་མཐོ་སློབ་ཁང་གི་ནང་དབྱིན་ཇི་སྐད་ཡིག་གི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ལོ་གསུམ་པ་འམ་མཐའ་མ་གནང་བའི་སྐབས་སུ། ཁོང་ལ་འཛིན་གྲའི་ནང་ནས་སློབ་སྦྱོང་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་མྱོང་ཡོད་པ་རེད་འདུག
བསྟན་འཛིན་བུ་ཁྲིད་ལགས་ནི་ཕྱི་ལོ་༡༩༩༦་ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཁུངས་སུ་སྐྱེས་བ་དང་། ད་ཆ་ཁོང་བྷེང་ལོར་ཨཡ་བྷི་ཨེམ་གློག་ལས་བཟོ་ཚོང་ཁང་གི་ནང་ལས་ཀ་བྱེད་བཞིན་ཡོད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།