ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་རྒྱ་ནག་གིས་འཛིན་བཟུང་བྱས་འདུག

2018-08-06
གློག་འཕྲིན།
མཆན།
Share
པར་བཀོད།
བསྟན་འཛིན་ཆོས་འཕེལ་ལགས།
བསྟན་འཛིན་ཆོས་འཕེལ་ལགས།
བོད་འབྱོར།

རྒྱ་ནག་གཞུང་གིས་ནག་ཆུ་ནས་ཡིན་པའི་བོད་རིགས་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་འཛིན་བཟུང་རྗེས་གནས་སྟངས་གསལ་ཆ་མེད་པར་ལུས་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། སྤྱི་ལོ་༢༠༡༨་ལོའི་ཟླ་ ༣ པའི་ཟླ་མཇུག་ཙམ་ལ་ལྷ་སའི་གོང་དཀར་གནམ་ཐང་ནས་རྒྱ་གཞུང་ཉེན་རྟོག་པས་ནག་ཆུ་རྫོང་ཤག་རོང་རྟ་ཆེན་ཡུལ་ཚོ་ལྔ་པ་སྲ་ཁུ་གྲོང་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་ནས་ད་ལྟའི་ཆར་ཁོང་ས་གནས་གང་དུ་ཡོད་པ་དང་གནས་སྟངས་ག་འདྲ་ཡིན་པ་སོགས་གང་ཡང་ཤེས་རྟོགས་མ་ཐུབ་པར་ཉེ་འབྲེལ་མང་པོས་བློ་འཚབ་བྱེད་བཞིན་ཡོད་འདུག
ད་ལྟའི་ཆར་ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་སོགས་གསལ་བོ་མེད་ཀྱང་ཁོང་འཛིན་བཟུང་བྱས་རྗེས་ཉེན་རྟོག་པས་ཁྱིམ་ལ་སྔོག་བཤེར་བྱས་སྐབས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་དང་། ༧གོང་ས་མཆོག་གི་སྐུ་པར་འགའ་ལག་སོན་བྱུང་ཡོད་སྐོར་བརྗོད་ཀྱི་འདུག

ཕབ་བཤུས་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།