བོད་མི་ཞིག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་ཚོཊ་གཙོར་བདམས།

2018-06-13
གློག་འཕྲིན།
མཆན།
Share
པར་བཀོད།
བསྟན་འཛིན་རྡོ་རྗེ་ལགས། ༢༠༡༨།༢།༡༣
བསྟན་འཛིན་རྡོ་རྗེ་ལགས། ༢༠༡༨།༢།༡༣
Lhuboom/RFA

འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་བསྐོ་བྱུང་འདུག
ཨ་རིའི་ནུབ་བརྒྱུད་ཀ་ལི་ཕྷོར་ནི་ཡའི་ཧྥུ་ལེར་ཊོན་མཐོ་སློབ་ཀྱི་སློབ་དཔོན་བསྟན་འཛིན་རྡོ་རྗེ་ལགས་ཉེ་ཆར་བསྐྱར་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་བ་མ་ཟད་། ཕྱི་ཟླ་དྲུག་པའི་ཚེས་༡༢ ཏེ་རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དེའི་ཚོགས་གཙོར་སྤྱི་མོས་ཀྱི་ཐོག་ནས་འདེམས་བསྐོ་ཞུས་འདུག
ཁོང་དང་ལྷན་དུ་ཚོགས་གཞོན་གཉིས་འདེམས་བསྐོ་ཞུས་པ་ནི་ལྕམ་(Kristina Arriaga)ཞུ་བ་དང་ལྕམ་ (Gayle Manchin)རྣམ་གཉིས་ཡིན་པ་རེད།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་འདི་ནི། འཛམ་གླིང་ནང་ཆོས་དད་རང་དབང་གི་གནས་བབས་ལ་ཞིབ་འཇུག་གནང་མཁན་གྱི་གལ་ཆེའི་ཚོགས་པ་ཞིག་ཡིན་ཞིང་། རྒྱུན་དུ་ལྷན་ཚོགས་འདིས་ཞིབ་འཇུག་ལས་དོན་གྱི་སྙན་ཐོ་ཨ་རིའི་གཞུང་དང་གྲོས་ཚོགས་སུ་འབུལ་གྱི་ཡོད་པ་རེད། འབུམ་རམ་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱི་སྔ་ལོ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་མིང་འབོད་གནང་སྟེ་ལྷན་ཚོགས་དེའི་ཚོགས་མིར་བསྐོ་བཞག་བྱུང་བ་ཞིག་ཡིན་པ་དང་། ཁོང་ནི་བོད་རིགས་ལྷན་ཚོགས་དེའི་ཚོགས་མིར་བསྐོས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།  འདས་པའི་ལོ་གཅིག་གི་དུས་ཡུན་དེའི་རིང་ཁོང་གིས་བོད་ནང་གི་ཆོས་དད་རང་དབང་གི་གནས་བབས་སྤྱི་དང་ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པན་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནས་བབས་ཐད་དམིགས་བསལ་སྩལ་འདོན་གྱིས་ཕྱག་ལས་གནང་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།