བོད་མི་ཞིག་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་ཚོཊ་མིར་བསྐོ་བཞག


2016.12.09

ཨ་རིའི་ཀེ་ལི་ཧྥོར་ནེ་ཡ་མངའ་སྡེའི་ཕུ་ལར་ཊོན་(Fullerton)གཙུག་ལག་སློབ་གྲའི་ནང་གི་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་གནང་འདུག
དེ་ཡང་འདི་ཚེས་བརྒྱད་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་(Nancy Pelosi)མཆོག་གི་ལམ་སྟོན་ལྟར། འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མིར་(U.S. Commission on International Religious Freedom)་བསྐོ་གཞག་གནང་བའི་ཐད་ཚོགས་པའི་འགན་འཛིན་ཐོ་མ་སི་ཇེ་རིའིསེ་(Rev.Thomas J.་ Reese)་ཡིས་གསུང་དོན། ང་ཚོས་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ། དེ་བཞིན་ཨ་རིའི་གྲོས་ཚོགས་བཅས་ལ་འཛམ་གླིང་ཁྱོན་དུ་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་གནང་བ་བརྒྱུད་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནང་། ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་སྲིད་བྱུས་གཏན་འབེབས་གནང་ཕྱོཊ་དང་། སྲིད་བྱུས་དེ་དག་ལག་བསྟར་ཇི་ལྟར་གནང་དགོས་མིན་ཐད་ལམ་སྟོན་ཞུ་རྒྱུར་འབད་བརྩོན་ཞུ་བཞིན་པའི་སྐབས་འདིར་བསྟན་འཛིན་རྡོ་རྗེ་ལཊ་ཚོགས་མིར་བསྐོ་གཞག་གནང་ཐུབ་པ་དེ་ནི་ཧ་ཅང་གལ་ཆེན་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་གནང་འདུག
འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལཊ་ནི་ཀེ་ལི་ཧྥོར་ནེ་ཡ་མངའ་སྡེའི་ CaliforniaStateUniversity་ཕུལ་ལར་ཊོན་མཐོ་སློབ་ནང་ཉེ་བའི་གཙུག་ལག་སློབ་དཔོན་གྱི་ཕྱག་ལས་གནང་མུས་ཡིན་འདུག ཁོང་གིས་གསུངས་དོན། མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་NancyPelosiམཆོག་གི་ལམ་སྟོན་ལྟར་ཐེངས་འདིར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་གནང་བ་འདི་ང་རང་སྒེར་ལ་མཚོན་ན་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་སོང་། ལྷན་ཚོགས་ཀྱིས་འཛམ་གླིང་ཁྱོན་དུ་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་འབད་བརྩོན་བྱེད་དགོས་པ་དེ་ངའི་ལས་འགན་གཙོ་བོ་ཞིག་ཆགས་ཡོད་ལ་ང་རང་བོད་མི་ཞིག་ཡིན་པའི་ངོས་ནས་ལས་འབྲས་གཞི་ལ་བཞག་པའི་སྐབས་བབ་ལས་འགན་ནི་བོད་ནང་གི་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་ལས་ཀ་བྱེད་དགོས་པ་མ་ཟད། ཚད་མཐོའི་སྡིངས་ཆ་འདི་བརྒྱུད་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་སྤྱི་དང་། ལྷག་པར་དུ་དེང་སྐབས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་དཀའ་ངལ་འཕྲད་བཞིན་པའི་གསེར་རྟ་བླ་རུང་སྒར་གི་གནས་སྟངས་དང་དགོན་དེའི་གྲྭ་བཙུན་སྟོང་ཕྲག་མང་པོ་རྒྱ་ནག་གཞུང་གིས་ཕྱིར་འབུད་གཏོང་བཞིན་པའི་གནད་དོན་དེ་དག་སྐོར་ངེས་པར་དུ་གདོང་ལེན་བྱ་རྒྱུ་ཡིན་ཅེས་གསུངས་གནང་འདུག།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎