ད་ཐེངས་ཀྱི་བོད་རྒྱའི་འབྲེལ་མོལ་དེ་གལ་ཆེ་ཆགས་ཀྱི་ཡོད་པ།

བཙན་བྱོལ་བོད་གཞུང་གིས་རྒྱ་གཞུང་ནས་འབྲེལ་མོལ་མུ་མཐུད་ གནང་རྒྱུའི་ཁས་ལེན་བྱས་པ་དེར་ཐུགས་མཉེས་པོ་བྱུང་སྐོར་གསུང་འདུག

2008.05.05

༄༅༎བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་འབྲེལ་མོལ་དེ་གལ་གནད་ཆེན་པོ་དང་

རྒྱ་གཞུང་གིས་འབྲེལ་མོལ་མུ་མཐུད་གནང་རྒྱུའི་ཁས་ལེན་བྱས་པ་དེར་ཐུགས་མཉེས་པོ་བྱུང་

སྐོར་གསུང་འདུག བཙན་བྱོལ་བོད་གཞུང་གིས་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་

ཀྱིས་ད་ཐེངས་རྒྱ་གཞུང་དང་འབྲེལ་མོལ་བྱུང་བ་དེས་བོད་ཀྱི་གནད་དོན་སེལ་རྒྱུར་གལ་གནད་

ཆེན་པོ་ཆགས་ཀྱི་ཡོད་པ་དེ་དངོས་འབྲེལ་རེད་ཅེས་གསུང་འདུག རྒྱ་གཞུང་གིས་༧གོང་ས་

མཆོག་གི་སྐུ་ཚབ་རྣམ་གཉིས་དང་མ་འོངས་པར་མཇལ་མོལ་གནང་རྒྱུའི་ཁས་ལེན་བྱས་པ་དེ་ནི་

གནས་ཚུལ་ཡག་པོ་ཞིག་ཀྱང་རེད་ཅེས་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུང་འདུག

ལོ་ངོ་གཅིག་ཙམ་རྗེས་ཉིན་གཅིག་རིང་གི་ཕྱོགས་ཕན་ཚུན་གྱི་སྐུ་ཚབ་རྣམ་པའི་མཇལ་མོལ་

དེ་རེས་གཟའ་ཉི་མ་ཉིན་མཇུག་བསྒྲིིལ་ཟིན་པ་དང་མཇལ་མོལ་དེར་གནས་ཚུལ་ཇི་བྱུང་

ཁ་གསལ་གང་ཡང་མེད་པ་རེད་ མིང་འདོན་གནང་འདོད་མེད་པའི་བོད་གཞུང་གི་

ཆེས་མཐོའི་ལས་བྱེད་པ་ཞིག་གིས་ད་ཐེངས་ཀྱི་སྐུ་ཚབ་རྣམ་པའི་མཇལ་མོལ་དེར་གྲུབ་འབྲས་

རྡོག་རྡོག་གང་ཡང་བཏོན་རྒྱུ་མེད་པ་དེར་བློ་གྱོད་ཡོད་སྐོར་གསུང་འདུག དེ་ཡང་གོང་ཞུས་

བོད་གཞུང་གི་ལས་བྱེད་པ་དེས་ང་ཚོའི་རེ་བར་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་རྒྱུ་

དེ་མཚམས་འཇོག་བྱེད་རྒྱུའི་ཁས་ལེན་ཞིག་ཉུང་མཐར་བྱེད་དགོས་ཆགས་ཡོད་ སྐུ་ཚབ་རྣམ་གཉིས་

ཕྱིར་ཕེབས་གནང་རྗེས་བཀའ་མོལ་ཇི་བྱུང་ཉན་རྒྱུར་ངང་སྒུག་བྱེད་བཞིན་ཡོད་ཅེས་གསུང་འདུག བཙན་བྱོལ་བོད་གཞུང་གི་སྐུ་རྣམ་གཉིས་རེས་གཟའ་མིག་དམར་དང་ཡང་ན་རེས་གཟའ་ལྷག་པ་

ཉིན་རྒྱ་གར་དུ་ཕྱིར་འཁོར་གནང་རྒྱུ་དང་སྐབས་དེར་༧གོང་ས་མཆོག་ལ་རྒྱ་གཞུང་གི་དཔོན་རིགས་

བར་བཀའ་མོལ་ཇི་བྱུང་སྙན་སེང་སྒྲོན་གནང་རྒྱུ་ཡིན་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎