དྲག་པོའི་དབང་འཛིན་བྱས་ཏེ་གཞུང་འཛིན་བྱ་རྒྱུའི་གསལ་བསྒྲགས།

2014-05-23
གློག་འཕྲིན།
མཆན།
Share
པར་བཀོད།
ཐའེ་ལན་ཊིའི་དམག་སྤྱི་ཡིས་བརྙན་འཕྲིན་བརྒྱུད་གསལ་བསྒྲགས་སྤེལ་བཞིན་པ། ༢༠༡༤།༥།༢༢
ཐའེ་ལན་ཊིའི་དམག་སྤྱི་ཡིས་བརྙན་འཕྲིན་བརྒྱུད་གསལ་བསྒྲགས་སྤེལ་བཞིན་པ། ༢༠༡༤།༥།༢༢
པར། དྲ་བཤུས།

ཐའེ་ལན་ཊིའི་རྒྱལ་ནང་དུ་བརྟན་བརླིང་མེད་པར་སོང་ཡུལ་དེའི་དམག་སྤྱིས་གཞུང་འཛིན་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག
དེ་ཡང་གནས་ཚུལ་ལྟར། ཐའེ་ལན་ཊིའི་དམག་སྤྱི་Prayut Chan-O-chaཞུ་བས་བརྙན་འཕྲིན་བརྒྱུད་གསལ་བསྒྲགས་སྤེལ་ནས་། རང་རེའི་རྒྱལ་ཁབ་ནང་གང་མྱུར་སྔར་རྒྱུན་བཞིན་ཞི་བདེ་ཡོང་ཐབས་སུ་དྲག་པོའི་དམག་མི་དང་། ཉེན་རྟོག་པ་ཐེ་བའི་རྒྱལ་ཡོངས་ཞི་བདེ་སྲུང་སྐྱོབ་ཚོགས་ཆུང་གིས་སྤྱི་ཟླ་༥ཚེས་༢༢ཉིན་གྱི་ཉིན་རྒྱབ་ཚོུད་༤དང་སྐར་མ་༣༠ནས་བཟུང་ཐའེ་ལན་ཊི་ཡི་གཞུང་འཛིན་བྱ་རྒྱུ་ཡིན་པ་བསྒྲགས་འདུག ཚེས་༢༠རེས་གཟའ་མིག་དམར་ཉིན་དམག་མིས་ཡུལ་ནང་དྲག་པོའི་ཁྲིམས་གཞི་བཀོད་འདོམས་བྱས་ཡོད་པ་དང་། ད་ཐེངས་ཞི་བའི་བར་བརྒལ་གྱི་གཞུང་ཕྱིར་བསྡུ་བྱེད་དགོས་དོན་ནི་ཡུལ་ནང་འཁྲུག་རྩོད་ཆེ་རུ་མི་འགྲོ་བའི་ཆེད་དུ་ཡིན་ལུགས་གསུངས་འདུག དེ་བཞིན་ཐའེ་ལེན་ཊིའི་དམག་སྤྱིས་ཐའེ་ལན་ཊི་མི་མང་རྣམས་ལ་ཞི་བདེ་ལྷིང་འཇགས་ངང་གནས་དགོས་པ་དང་། གཞུང་ཞབས་པ་ཚོས་སྔར་རྒྱུན་བཞིན་ལས་ཀ་བྱེད་དགོས་སྐོར་གསུངས་འདུག རྒྱལ་ཁབ་ཀྱི་དམག་གིས་གློ་བུར་གཞུང་བཟུང་བའི་ཐག་གཅོད་དེ་ནི་དྲག་པོའི་དམག་མིས་གོ་བསྒྲིགས་གནང་སྟེ་ཐའེ་ལན་ཊི་ཡི་ཆབ་སྲིད་ཚོགས་པའི་དབར་འདས་པའི་ཟླ་བ་བདུན་ལྷག་གི་རྩོད་རྙོག་དེ་ནང་འགྲིགས་ཡོང་ཐབས་གནང་བར་ལམ་ལྷོང་མ་བྱུང་བའི་རྐྱེན་གྱིས་ཡིན་པ་རེད། དྲག་པོའི་དམག་མིས་མཐའ་སྐོར་ནས་སྲུང་བྱ་དམ་པོའི་འོག་ཆབ་སྲིད་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་ལྷན་ཚོགས་གནང་ཡུལ་ནས་དམག་མིས་ཁྲིད་འགྲོ་བ་མཐོང་འདུག་ཀྱང་ཁོང་རྣམས་གང་དུ་ཁྲིད་མིན་དང་བཀག་ཉར་བྱས་ཡོད་མེད་སོགས་ད་ལྟ་གསལ་པོ་མེད་པ་རེད།    
གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།