ཐའེ་ལན་ཌའི་ནང་རྒྱལ་སྤྱིའི་ནང་པའི་གློག་བརྙན་དུས་སྟོན།

ཐའེ་ལན་ཌི་གཞུང་དང་སྒེར་གྱི་ནང་པའི་ཆོས་ཚོགས་ཁག་གིས་མི་རབས་གསར་པའི་ན་གཞོན་ཚོར་ནང་ཆོས་དོ་སྣང་སྤེལ་ཐབས།

2012.06.22

༄༅༎ཐའེ་ལན་ཌི་ནང་དུ་རྒྱལ་སྤྱིའི་ནང་པའི་གློག་བརྙན་དུས་སྟོན་གོ་སྒྲིག་ཞུས་པ་དེ་ནི། ཐའེ་ལན་ཌི་གཞུང་དང་སྒེར་གྱི་ནང་པའི་ཆོས་ཚོགས་ཁག་གིས་མི་རབས་གསར་པའི་ན་གཞོན་ཚོར་ནང་ཆོས་དོ་སྣང་སྤེལ་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

དེ་ཡང་ཟླ་བ་འདིའི་འགོ་སྟོད་དུ་ནང་ཆོས་ཀྱི་ནང་དོན་མཚོན་པའི་གློག་བརྙན་མི་འདྲ་བ་ཁག་༣༦ ཙམ་ ཐའེ་ལན་ཌི་གྱི་རྒྱལ་ས་སྦེང་ཀོཀ་ དུ་སྟོན་ཏེ། ནང་ཆོས་དྲིལ་བསྒྲགས་དང་གཞོན་སྐྱེས་ཁྲོད་་དོ་སྣང་སླེབས་ཐབས་བྱས་ཡོདཔ་དང༌། དེའི་སྐོར་ལ་ ཐའེ་ལན་ཌི་གྱི་རིག་གཞུང་ལྷན་ཁང་གི་དྲུང་ཆེས་གསུང་ན། ། དེ་ནི་ཕྲུ་གུར་སྨན་སྟེར་བའི་སྐབས། སྨན་གྱི་ཕྱི་ལ་བྱེ་མ་ཀ་ར་བྱུག་སྟེ་ཕྱི་ཚུལ་དུ་སྨན་རོ་མངར་མོ་ཡིན་པའི་རྣམ་པ་སྟོན་ཐབས་དང་གཅིག་མཚུངས་ཡིན་ཞིང༌། དེ་ནི་ ཐའེ་ལན་ཌིའི་རྒྱལ་སའི་ནང་གི་ན་གཞོན་ཚོས་ནང་ཆོས་ཉམས་ལེན་བྱས་པའི་དེ་སྔའི་ལམ་སྲོལ་ཐོག་བསྐྱོད་པའི་གོམས་གཤིས་མེད་པར་བརྟེན་ནས། ང་ཚོས་ནང་ཆོས་ནི་སྒྱུ་རྩལ་དང་རིག་གཞུང་ཁོངས་སུ་བཅུག་ཏེ་གཞོན་སྐྱེས་ནང་དོ་སྣང་ཡོང་ཐབས་འབད་བརྩོན་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ད་དུང་ནང་པའི་གློག་བརྙན་དུས་སྟོན་གོ་སྒྲིག་གནང་མཁན་ཨ་རིའི་གྲོང་ཁྱེར་ཀེ་ལི་ཕོར་ནི་ཡའི་ནང་དུ་ཡོད་པའི་ནང་པའི་གློག་བརྙན་ཐེབས་རྩ་ཁང་གིས་། དེ་སྔ་༢༠༠༣ ལོར་ཨ་རིའི་གྲོང་ཁྱེར་ལོསེ་ཨེན་ཇེ་ལེསི་དུ་ནང་པའི་གློག་བརྙན་དུས་སྟོན་ཐེངས་དང་པོ་འགོ་བཙུགས་པའི་སྐབས། མི་དམངས་གསུམ་སྟོང་བདུན་བརྒྱ་བལྟ་མཁན་བྱུང་ཡོད་པ་དང༌། ད་རེས་སྦེང་ཀོཀ་དུ་གོ་སྒྲིག་ཞུས་པ་ཐེངས་དང་པོ་ཡིན་ཞིང༌། དེ་བཞིན་ ཐའེ་ལན་ཌི་ནང་དུ་ནང་ཆོས་དར་སྤེལ་གཏོང་ཐབས་གནང་མཁན་ཚོགས་པའི་འགོ་ཁྲིད་ཅིག་གིས། ཐའེ་ལན་ཌི་གྱི་མི་འབོར་གྱི་བརྒྱ་ཆ་༩༠ ཙམ་ནང་པ་ཡིན་པ་དང༌། འོན་ཀྱང་གཞོན་སྐྱེས་མང་པོ་ཞིག་གིས་ནང་ཆོས་ཉམས་ལེན་ལ་དོ་སྣང་མི་བྱེད་པ་མ་ཟད། ནང་ཆོས་ནི་མི་རྒན་པ་ཚོས་ཆོས་ཡིན་པའི་བསམ་བློ་གཏོང་གི་ཡོད་པར་བརྟེན་ནས། གློག་བརྙན་དུས་སྟོན་དེའི་ནང་དུ་༢༠༡༡ ལོར་འགྲེམས་སྤེལ་བྱས་པའི་དྲུང་པ་རིན་པ་ཆེའི་སྐོར་གྱི་Crazy Wisdom འམ་ཡེ་ཤེས་འཚོལ་བ་ཞེས་པའི་དངོས་བྱུང་གློག་བརྙན་སོགས་དེང་རབས་འཛམ་གླིང་ནང་ནང་ཆོས་སློབ་ཁྲིད་དང་ཉམས་ལེན་བྱེད་སྟངས་ཀྱི་གློག་བརྙན་སོགས་སྟོན་ཏེ། སྤྱི་ཚོགས་ནང་ནང་ཆོས་ལ་དོ་སྣང་ཡོང་ཐབས་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎