ཨ་སྒོར་ས་ཡ་བཞི་ཅུ་ཞེ་ལྔའི་ཡི་དམ་གཤིན་རྗེ་གཤེད་དམར།

2014-11-26
གློག་འཕྲིན།
མཆན།
Share
པར་བཀོད།
ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་རྙིང་པ།
ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་རྙིང་པ།
དྲ་བཤུས zuma

རྒྱ་མི་ཞིག་གིས་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་རྙིང་པ་ཞིག་ལ་ཨ་སྒོར་ས་ཡ་བཞི་བཅུ་ཞེ་ལྔ་སྤྲད་ནས་ཉོ་སྒྲུབ་བྱས་འདུག
དེ་ཡང་བཅའ་དངོས་རྙིང་པ་བསྡུ་རུབ་བྱེད་མཁན་རྒྱ་མི་ཞིག་གིས་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་རྙིང་པ་ཞིག་ལ་ཧོང་ཀོང་གི་ཌོ་ལར་ས་ཡ་གསུམ་བརྒྱ་བཞི་བཅུ་ཞེ་བརྒྱད་དམ། ཡང་ན་ཨ་སྒོར་ས་ཡ་བཞི་བཅུ་ཞེ་ལྔ་སྤྲད་ནས་ཉོ་སྒྲུབ་བྱས་ཡོད་པ་དང་། དེ་ནི་འདི་ཚེས་༢༦ཉིན་ཧོང་ཀོང་ནང་རྟེན་གཞི་བྱས་པའི་Christieཚོང་གཉེར་ཚན་པས་རིན་གོང་རིམ་སྤར་བྱས་ཏེ་མཐའ་མར་རིན་འབབ་མཐོ་ཤོས་སྤྲོད་མཁན་ལ་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་དེ་ཚོང་བསྒྱུར་བྱས་ཡོད་པ་རེད། ཐོག་མར་སྐུ་ཐང་གི་གོང་ཚད་ཧོང་ཀོང་གི་ཌོ་ལར་ས་ཡ་དྲུག་བཅུ་ནས་འགོ་འཛུགས་བྱས་པའི་སྐབས་རིན་སྤར་ཚོང་སྒྱུར་གྱི་འགྲན་བསྡུར་དེའི་ནང་ཞུགས་མཁན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྣ་ཤུལ་དངོས་རྫས་བསྡུ་རུབ་བྱེད་མཁན་གྱི་སྒྲིག་འཛུགས་དང་མི་སྒེར་པ་བཅས་ཆེས་མང་པོ་བྱུང་ཡོད་ཀྱང༌། དེ་ནས་རིམ་པས་སྐུ་ཐང་གི་རིན་འབབ་ཧོང་ཀོང་གི་ཌོ་ལར་ས་ཡ་བརྒྱ་དང་དྲུག་བཅུ་ལ་སླེབས་སྐབས། འགྲན་བསྡུར་ནང་མི་གཉིས་ལས་མ་ལྷག་པར། མཐའ་མར་རྒྱ་མི་Liu Yiqian ཟེར་བའི་མི་ཞིག་གིས་ཧོང་ཀོང་གི་ཌོ་ལར་ས་ཡ་གསུམ་བརྒྱ་ཞེ་བཅུ་ཞེ་བརྒྱད་དམ། ཡང་ན་ཨ་སྒོར་ས་ཡ་བཞི་བཅུ་ཞེ་ལྔ་སྤྲད་དེ་ཉོ་སྒྲུབ་བྱས་འདུག
གནས་ཚུལ་ལྟར་ན། ད་ལམ་ཚོང་འགྲེམ་བྱས་པའི་ཡི་དམ་གཤིན་རྗེ་གཤེད་དམར་གྱི་སྐུ་ཐང་དེ་བཞིན་མི་ལོ་དྲུག་བརྒྱ་ཙམ་གྱི་སྔོན་དུ་བཞེངས་པའི་གྲུལ་ཙིའི་འཚེམ་དྲུབས་རྒྱབ་པའི་སྐུ་ཐང་ཞིག་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་ནང་དེ་འདྲ་བའི་ཡིད་དམ་གཤིན་རྗེ་གཤེད་དམར་གྱི་སྐུ་ཐང་གསུམ་ལྷག་ཡོད་པའི་ནང་ནས་གཉིས་ལྷ་སའི་གཙུག་ལག་ཁང་གི་ནང་ཡོད་པ་དང༌། ཡང་གཤིན་རྗེ་གཤེད་དམར་ནི་འཇམ་དཔལ་དབྱངས་དྲག་ཁྲོས་ཡི་དམ་གྱི་སྐུར་བཞེངས་པ་ཞིག་ཡིན་པ་རེད།

གསར་འགོད་པ་ངག་ཆོས།

མཆན། (0)
Share
དྲ་གནས་ཆ་ཚང༌།