ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་རྒྱུགས་སྤྲོད་བྱེད་འཆར་སྐོར།

པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་ཁྱེར་སྐབས་བོད་མི་ཚོས་བར་ཆད་མི་གཏོང་བའི་སྐོར་༸གོང་ས་མཆོག་གིས་འབོད་སྐུལ་གནང་འདུག

2008.06.12

༄༅༎པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་འདི་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཁྱེར་སྐབས་ དཔལ་འབར་བསྐོར་བསྐྱོད་ཀྱི་ལས་དོན་ལ་བོད་མི་ཚོས་བར་ཆད་མི་གཏོང་བའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབོད་སྐུལ་གནང་འདུག་༎

རྒྱ་ནག་གཞུང་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་བསྐོར་བསྐྱོད་བྱ་རྒྱུའི་དུས་ཚེས་ཁ་གསལ་གསལ་བསྒྲགས་བྱས་མེད་ཀྱང་ རྩེད་འགྲན་གྱི་དཔལ་འབར་འདི་བཞིན་བདུན་ཕྲག་འདིའི་ནང་བོད་ནང་ཁྱེར་རྒྱུ་ཡིན་པར་མང་པོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་ བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སིདྲ་ནི་རུ་གསར་འགོད་པས་བཅར་འདྲི་དང་ལེན་གནང་སྐབས་ བོད་ལ་དོན་སྙིང་ལྡན་པའི་རང་སྐྱོངས་ཀྱི་གནས་བབ་དགོས་པའི་བཞེངས་ཕྱོགས་ནན་བརྗོད་གནང་པ་དང་ཆབས་ཅིག ཨོ་ལིམ་པིག་རྩེད་འགྲན་ཀྱི་ལས་དོན་ལ་༸གོང་ས་མཆོག་གིས་རྒྱབ་སྐྱོར་ཆ་ཚང་ཞུ་གི་ཡོད་པའི་གསལ་འདོན་གནང་བཞག དེ་ཡང་༸གོང་ས་མཆོག་གིས་ཨོ་ལིམ་པིག་རྩེད་འགྲན་ལ་ང་ཚོས་རྒྱབ་བསྐྱོར་ཞུ་གི་ཡོད་ ཨོ་ལིམ་པིག་གི་དཔལ་འབར་འདི་བཞིན་རྩེད་འགྲན་གྱི་ཆ་ཤས་ཤིག་རེད་ལ་ པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་འདིར་རྒྱ་རིགས་སྤུན་ཟླ་ཕོ་མོ་རྒན་གཞོན་ཐེར་འབུམ་ལྷག་གིས་ངང་སྒུག་བྱེད་བཞིན་ཡོད་སྟབས་ དེར་ང་ཚོས་བརྩི་བཀུར་ཞུ་དགོས་པར་སོང་ དཔལ་འབར་བསྐོར་བསྐྱོད་ལ་བར་ཆད་གཏོང་མི་འོས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག ཡང་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དཔལ་འབྱོར་ཡར་རྒྱས་དང་འཛུགས་བསྐྲུན་གྱི་ལས་གཞི་ཁོ་ན་མ་ཡིན་པར་གཞི་རྩའི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་ལ་གཏོང་གལ་ཆེ་བའི་སྐོར་དང་ དེ་ཡང་བོད་ལ་དོན་སྙིང་ལྡན་པའི་རང་སྐྱོངས་ཀྱི་གནས་བབ་བསྐྲུན་ཚེ་ བོད་མི་ཚོ་འདོད་བློ་ཁེངས་རྒྱུ་ཡིན་པ་དང་ གལ་སྲིད་རྒྱ་ནག་གཞུང་གིས་བོད་ནང་དོན་དམ་གྱི་སྲིད་ཇུས་བསྒྱུར་བཅོས་མ་བྱུང་ཕྱིར་ བོད་ནང་བྱུང་བཞིན་པའི་ཞི་རྒོལ་གྱི་རྐྱེན་རྩ་དེ་མུར་ལུས་སྟེ་ གནས་སྟངས་འདི་མི་ཐོག་ནས་མི་ཐོག་བར་ལུས་རྒྱུ་ཡིན་སྐོར་ནན་བརྗོད་གནང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎