༸གོང་ས་མཆོག་ནས་བོད་དོན་དང་འབྲེལ་བའི་གསུང་གླེང༌།

༸གོང་ས་མཆོག་གིས་ཕེ་རན་སིའི་ཡུལ་དུ་གསར་འགོད་ལྷན་ཚོགས་ཤིག་ཐོག་བོད་དོན་དང་འབྲེལ་བའི་བཀའ་མོལ་གནང་འདུག

2008.08.13

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ ཕེ་རན་སི་ཡུལ་ནང་ཆོས་འབྲེལ་གཙོ་བོར་གྱུར་བའི་མཛད་འཆར་ཁག་བསྐྱངས་བཞིན་ཡོད་པ་ལྟར། ཁ་ས་༸གོང་ས་མཆོག་གིས་ཕེ་རན་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ནང་མོལ་མཇལ་འཕྲད་གནང་ཡོད་པའི་ཐོག། གསར་འགོད་ལྷན་ཚོགས་ཤིག་ཐོག་བོད་དོན་དང་འབྲེལ་བའི་བཀའ་མོལ་གནང་འདུག

ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སི་ཡུལ་ནང་ཉིན་གྲངས་༡༢ རིང་གི་ཆིབས་བསྒྱུར་མཛད་འཆར་དེ་བཞིན་ རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་འཛམ་གླིང་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཚུགས་པ་དུས་མཚུངས་འཁེལ་ཡོད་པ་རེད།

༸གོང་ས་མཆོག་གིས་གསར་འགོད་པ་ཚོར་ རྒྱ་ནག་ནང་ཨོ་ལིམ་པིག་ཚུགས་རྒྱུར་༸གོང་ས་མཆོག་ནས་ཐོག་མ་ཉིད་ནས་རྒྱབ་སྐྱོར་གནང་ཡོད་སྐོར་བསྐྱར་ནན་བཀའ་གནང་བ་དང༌། ཨོ་ལིམ་པིག་རྩེད་འགྲན་ཚར་བའི་རྗེས་ག་རེ་ཡོང་མིན་༸གོང་ས་མཆོག་གིས་མཁྱེན་གྱི་མེད་པ་དང་ངང་སྒུག་གནང་ནས་གཟིགས་རྒྱུ་ཡིན་སྐོར་བཀའ་གནང་བཞག དེ་བཞིན་༸གོང་ས་མཆོག་གིས་གསར་འགོད་པ་ཚོར། རྒྱལ་སྤྱིའི་ཡུལ་ཁག་ཚོས་རྒྱ་ནག་དང་འབྲེལ་བ་གནང་སྐབས་ དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང། ཆོས་དད་རང་དབང་། ཁྲིམས་ཀྱི་དབང་སྒྱུར་དང་འབྲེལ་བའི་གནད་དོན་ཐད་འགྱུར་བ་མེད་པའི་ལངས་ཕྱོགས་གཏན་པོ་འཛིན་དགོས་པའི་སྐོར་བཀའ་གནང་སྟེ། རྒྱ་ནག་དེ་བཞིན་གྲོགས་མེད་ཁེར་རྐྱང་དུ་མ་བཞག་པར་ཁ་ཞེ་གཉིས་མེད་ཀྱི་གྲོགས་པོའི་འདུ་ཤེས་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བཅུགས་ཐབས་བྱེད་དགོས་སྐོར་གསུངས་འདུག

རྒྱ་ནག་མཉམ་ཚོང་དོན་གྱི་འབྲེལ་བ་དོ་ཕོག་མ་ཐེབས་རྒྱུའི་དོན་དུ། ཕེ་རན་སི་གཞུང་གིས་ད་རེས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་བའི་སྐབས་དེར་འབྲེལ་བ་ཞུ་རྒྱུར་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཕེ་རན་སི་སྲིད་འཛིན་ནི་ཀོ་ལསེ་ སར་ཀོ་ཛི་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་ནའང༌། ཕེ་རན་སིའི་ཡུལ་གྱི་བློན་ཆེན་ཞིག་གིས་ རིང་མིན་ཕྱི་ཟླ་༡༢པའི་ཚེས་༡༠ཉིན་ཕེ་རན་སིའི་སྲིད་འཛིན་ སར་ཀོ་ཛི་མཆོག་གིས་ ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་ཚོ་རྒྱལ་ས་ པེ་རིསི་ནང་གདན་ཞུ་གནང་རྒྱུ་ཡིན་པའི་སྐབས་དེར། སྲིད་འཛིན་མཆོག་གིས་༸གོང་ས་མཆོག་མཇལ་འཕྲད་ཞུས་གནང་འཆར་ཡོད་སྐོར་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎