༸གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་འབྲེལ་མོལ་དུ་ཕེབས་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་བོད་དོན་ཆེད་འབྲེལ་མོལ་ཐེངས་བརྒྱད་པ་དེ་གནང་བར་ཕེབས་ཡོད་པ་རེད།
2008-10-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་བོད་དོན་ཆེད་འབྲེལ་མོལ་ཐེངས་བརྒྱད་པ་དེ་གནང་བར་ཕེབས་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་མཚན་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་འདུག་པའི་ནང་འཁོད་དོན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དེ་བཞིན་ཕྱག་རོགས་བགྲེས་པ་རྣམས་རྒྱ་ནག་གཞུང་གི་དཔོན་རིགས་དང་འབྲེལ་མོལ་བཀའ་བསྡུར་ཐེངས་བརྒྱད་པ་གནང་ཆེད་གཟའ་ཕུར་བུའི་ཉིན་རྒྱ་ནག་ཏུ་ཕེབས་ཐོན་གནང་ཡོད་པ་རེད། སྐུ་ཚབ་རྣམ་པ་པེ་ཅིང་དུ་ཐེངས་བདུན་པའི་འབྲེལ་མོལ་མཇུག་སྐྱོངས་གནང་རྒྱུ་དང་ཐེངས་འདིར་སྐུ་ཚབ་ཚོ་གཟའ་འཁོར་གཅིཅག་རིང་འབྲེལ་མོལ་གནང་རྒྱུ་ཡིན་ཞིང་སྐུ་ཚབ་རྣམ་པ་འདི་ནས་ཐོན་མ་གནང་གོང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་མཆོག་ནས་ལྡི་ལི་གསར་པར་སྐུ་ཚབ་ཚོ་དང་མཐའ་མའི་མཇལ་མོལ་དེ་གནང་ཡོད་པ་བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱི་མཚན་ཐོག་གི་གསལ་བསྒྲགས་སྤེལ་བ་དེའི་ནང་འཁོད་འདུག སྤྱིར་བཏང་༸གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་འབྲེལ་མོལ་ཆེད་ཕེབས་པའི་སྐབས་གསལ་བསྒྲགས་དེ་རིགས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེའི་མཚན་ཐོག་ཏུ་སྤེལ་གྱི་ཡོད་ནའང་ད་རེས་ཀྱི་འབྲེལ་མོལ་ཐེངས་བརྒྱད་པ་དེའི་གནས་ཚུལ་བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་དྲུང་ཆེ་ཡི་མཚན་ཐོག་ནས་གསལ་བསྒྲགས་སྤེལ་གནང་འདུག བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུང་ན་ད་རེས་༸གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་བཙན་བྱོལ་བོད་གཞུང་ཕྱི་འབྲེལ་ལྷན་ཁང་གི་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས།བཙན་བྱོལ་བོད་གཞུང་བོད་རྒྱ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐལ་བཟང་ཚེ་རིང་ལགས་བཅས་ཕེབས་ཡོད་འདུག རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ཅང་དབྱུས་ཡིས་བོད་རྒྱ་དབར་འབྲེལ་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ར་འཕྲོད་བྱས་ཡོད་ན་ཡང་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།