༸གོང་ས་མཆོག་ནའེ་ཇེ་རི་ཡར་ཆིབས་བསྒྱུར་གནང་བཞིན་པ།

༸གོང་ས་མཆོག་ནས་ཨཕ་རི་ཀའི་རྒྱལ་ཁབ་ནའེ་ཇེ་རི་ཡའི་ནང་ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་བྱེད་དགོས་པའི་བཀའ་སྩལ་གནང་བ།

2008-11-28
Share

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨཕ་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་ནའེ་ཇེ་རི་ཡའི་ཨ་ནིཡེམ་ཨོ་སིག་ལྦེ་ཞེས་པའི་ཐེབས་རྩ་ཁང་གིས་འདས་པའི་ལོ་མང་རིང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མཐར་དེང་སྐབས་ནའེ་ཇེ་རི་ཡའི་རྒྱལ་ས་ལའ་གོསེ་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་གནང་བཞིན་པ་རེད། དེ་ཡང་ཟླ་བ་འདིའི་ཚེས་ཉི་ཤུ་བདུན་ཉིན་ཆོས་ཚོགས་དེའི་ལོ་རེའི་གསུང་བཤད་ཐེངས་བཅུ་པའི་མཛད་སྒོའི་ཐོག་ཆོས་ལུགས་ཡོངས་རྫོགས་གཅིག་མཚུངས་ཡིན་པའི་བརྗོད་གཞིའི་ཐོག་གསུང་བཤད་བསྩལ་གནང་མཛད་སྐབས་ནའེ་ཇེ་རི་ཡའི་ནང་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་ཉམས་ལེན་བྱེད་མཁན་ཁྱོན་ཆེན་པོ་ཡོད་པས་མ་ཟད་ཆོས་ལུགས་དེ་གཉིས་ཉམས་ལེན་བྱེད་མཁན་ཚོའི་དབར་གཞི་རྩའི་ཆ་ནས་འཆམ་འཐུན་ལྡན་པ་ཡོད་པ་དེ་ནི་ངོ་མཚར་ཆེན་པོ་རེད་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ཚོ་དང་རྒྱལ་ཁབ་དེ་ཚོའི་ནང་གི་ཆོས་ལུགས་འདྲ་མིན་ཉམས་ལེན་བྱེད་མཁན་ཚོས་ནའེ་རེ་ཇི་ཡའ་ནང་གི་ཆོས་ལུགས་ཕན་ཚུན་དབར་གྱི་བཟོད་བསྲན་ཅན་གྱི་གོམས་གཤིས་བཟང་པོ་དེ་ནས་དཔེ་མཚོན་ལེན་འོས་པ་རེད་ཅེས་དང་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ཅན་གྱི་འབྲེལ་བ་འདི་འདྲ་བ་ཡོད་པ་དེ་ཁྱེད་ཚོ་རྒྱུན་འཁྱོངས་བྱ་རོགས་བྱེད་ཅེས་དེར་འདུས་པའི་ཡུལ་མི་རྣམས་ལ་༸གོང་ས་མཆོག་གིས་རེ་སྐུལ་ཞུས་ཡོད་པ་རེད། ནའེ་ཇེ་རི་ཡའི་ནང་གི་ཆོས་ཚོགས་ཁག་གིས་ཡུལ་དེའི་ནང་ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་བྱེད་བཞིན་པ་ནང་བཞིན་༸གོང་ས་མཆོག་གིས་ཀྱང་ད་ཕན་དགོངས་གཞི་དེ་གའི་ཐོག་ལ་འབད་བརྩོན་གནང་བ་ཡིན་ཞེས་བཀའ་གནང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།