པོ་ལན་ཌིའི་རྒྱལ་སས་༸གོང་ས་མཆོག་ལ་མཚན་བསྟོད་འབུལ་རྒྱུ།

པོ་ལན་ཌིའི་རྒྱལ་ས་ལྦར་སོའོ་གྲོང་ཁྱེར་ས་གནས་གྲོས་ཚོགས་ཀྱིས་༸གོང་ས་མཆོག་ལ་གྲོང་མིའི་གཟི་བརྗིད་མཚན་སྙན་དེ་འབུལ་རྒྱུའི་ཐག་ཆོད།

2009.05.29

༄༅༎པོ་ལན་ཌིའི་རྒྱལ་ས་ལྦར་སོའོ་གྲོང་ཁྱེར་ས་གནས་གྲོས་ཚོགས་ཀྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྦར་སོའོ་གྲོང་ཁྱེར་གྱི་གྲོང་མིའི་གཟི་བརྗིད་མཚན་སྙན་དེ་འབུལ་རྒྱུའི་ཐག་གཅོད་བྱུང་འདུག

དེ་ཡང་གཟའ་ཕུར་བུའི་ཉིན་པོ་ལན་ཌིའི་རྒྱལ་ས་ལྦར་སོའི་ས་གནས་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱེད་མིན་ལ་མ་ལྟོས་པར་འོས་ཤོག་འཕེན་པའི་ཐབས་ལམ་ལ་བརྟེན་ནས་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་སྤྱི་མོས་རྒྱབ་བསྐྱོར་ཐོབ་པའི་སྒོ་ནས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་གྲོང་མིའི་གཟི་བརྗིད་མཚན་སྙན་དེ་འབུལ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད་ལ་ད་དུང་ས་གནས་གྲོས་ཚོགས་ཀྱི་མགྲིན་ཚབ་པས་གྲོང་ཁྱེར་གཞུང་གི་གྲོས་ཚོགས་ཤིག་ཡིན་པའི་ཆ་ནས་ང་ཚོར་ཡང་ལོ་རྒྱུས་ཐོག་གནད་དོན་མང་པོར་གདོང་ལེན་བྱས་པའི་ཉམས་མྱོང་ཡོད་ཅིང་དེར་བརྟེན་རང་ཉིད་ཀྱི་མི་རིགས་ཆེད་འཐབ་རྩོད་དང་སྐུ་ལས་སྐྱོན་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་ལྟ་བུར་གྲོང་ཁྱེར་དེའི་གྲོང་མིའི་གཟི་བརྗིད་ཀྱི་མཚན་སྙན་འབུལ་རྒྱུ་དེ་ནི་ང་ཚོའི་གཟི་བརྗིད་དང་ལས་འགན་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད།ད་རེས་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་ཁྱོན་ཡོངས་ནས་རྒྱབ་བསྐྱོར་ཡོད་པའི་འོས་ཤོག་འཕེན་ཏེ་ལྦར་སོའོ་གྲོང་ཁྱེར་གྱི་གྲོང་མིའི་གཟི་བརྗིད་མཚན་སྙན་དེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་གཏན་འཁེལ་བ་དང་གྲོང་མིའི་གཟི་བརྗིད་ཀྱི་མཚན་སྙན་དེ་བཞིན་༸གོང་ས་མཆོག་ད་ལོ་ཕྱི་ཟླ་བདུན་པའི་ཟླ་མཇུག་ཏུ་པོ་ལན་ཌི་ནང་ཆིབས་བསྒྱུར་བསྐྱངས་པའི་སྐབས་སུ་ཕྱག་བཞེས་གནང་རྒྱུ་ཡིན་པ་ཕྱིར་བསྒྲགས་གནང་ཡོད་པ་རེད། གཞན་ཡང་ཁ་སྔོན་ཕྱི་ཟླ་བཅུ་གཉིས་པའི་ནང་པོ་ལན་ཌིའི་སྲིད་འཛིན་ཟུར་པ་ལེཀ་ལྦ་ལེ་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོ་ཞིག་ཚུགས་ཡོད་ཅིང་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་བཞུགས་གནང་ཡོད་པ་དང་ད་དུང་སྐབས་དེ་དུས་༸གོང་ས་མཆོག་དང་པོ་ལན་ཌིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་ཡང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎