༸གོང་ས་མཆོག་ཁ་ཆེའི་ལྷ་ཁང་ཞིག་ཏུ་ཆིབས་བསྒྱུར་གནང་སྐོར།

༸གོང་ས་མཆོག་གིས་ར་ཇི་སི་ཐའན་མངའ་སྡེའི་ཨཇེ་མེར་ཤ་རིཕ་ཞེས་པའི་ལྷ་ཁང་དུ་གསོལ་འདེབས་དང་ཐུགས་སྨོན་བཀྲིན་བསྐྱང་གནང་འདུག

2008-07-10
Share

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ལྷག་པའི་ཉིན་རྒྱ་གར་ར་ཇི་སི་ཐའན་མངའ་སྡེའི་ཨཇེ་མེར་ཤ་རིཕ་ཞེས་པའི་ལྷ་ཁང་དེར་ སུ་ཕི་སེན་ ཁ་ལྦ་ཇ་མོ་ཨིན་ཨུརྡ་རྡིན་ཆིསི་ཏི་ ཞུ་བའི་ཆོས་ཕྱོགས་ཀྱི་བླ་མ་དགོངས་པ་རྫོགས་ནས་ལོ་༧༩༦འཁོར་བའི་ལོ་འཁོར་འདས་མཆོད་པུར་ཐལ་བུམ་པར་ཆོས་ཕྱོགས་ཀྱི་སྨོན་ལམ་མཛད་སྒོ་ཞིག་གི་སར་ཕེབས་བཞུགས་གནང་བ་དང་ དེ་གའི་རྡར་གར་ཤ་རིཕ་ལ་ཞབས་སོར་འཁོད་ནས་གསོལ་འདེབས་དང་ཐུགས་སྨོན་བཀྲིན་བསྐྱང་གནང་ཡོད་པ་རེད་

ལོ་ལྟར་ཕྱི་ཟླ་༧པའི་ཚེས་༥ནས་བཟུང་ཉིན་དྲུག་གི་རིང་ལྷ་ཁང་དེར་ཁྱིམ་མཚེས་ཡུལ་གྲུ་པ་ཀི་སི་ཐའན་དང་སྦང་ལ་རྡེཤེ་སོགས་ནས་ཡུལ་མི་མང་པོ་ཡོང་གི་ཡོད་པ་དང་དེ་བཞིན་རིས་མེད་ཆོས་ལུགས་ཀྱི་མི་མང་འདུ་འཛོམས་ཆེན་པོ་གནང་སྲོལ་ཡོད་པ་དང་དེ་བཞིན་ལྷ་ཁང་དེའི་མཛད་སྒོ་དེའི་སར་སྨོན་ལམ་གང་བཏབས་པ་དེ་འགྲུབ་ཀྱི་ཡོད་པའི་མི་མང་གིས་ཤོད་སྲོལ་ཞིག་ཡོད་པ་རེད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་གར་བཀའ་གནང་དོན་༸གོང་ས་མཆོག་གི་སྐུ་ཚེའི་རིང་དམ་བཅའ་བཞེད་ཡོད་པ་ལྟར་འཛམ་གླིང་ཞི་བདེ་ཡུན་གནས་ཡོང་བའི་ཆེད་དུ་རིས་མེད་ཆོས་ལུགས་ཚང་མས་ཕན་ཚུན་དབར་མཛའ་མཐུན་མཉམ་གནས་བྱ་དགོས་པ་དང་ཆོས་ལུགས་ཚང་མས་བྱམས་དང་སྙིང་རྗེའི་སེམས་བཟང་འཁྱེར་ནས་ཐོུང་གི་བདེ་དོན་འགྲུབ་པ་ཡིན་ན་འཛམ་གླིང་གི་ཞི་བདེ་ཡུན་གནས་ཡོང་རྒྱུ་གདོན་མི་ཟ་བ་རེད་ཅེས་བཀའ་གནང་ཡོད་པའི་གནས་ཚུལ་ཐོན་བཞག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎