བོད་ཀྱི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་བཞིན་པ།

བོད་ཀྱི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་བཞིན་པའི་གནས་སྟངས་ཐོག་རྒྱ་གར་གཞུང་གིས་སེམས་འཚབ་གནང་དགོས་ཆགས་ཀྱི་ཡོད།

2011.04.02

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མི་མང་ས་ཡ་ཁ་ཤས་ཀྱིས་བོད་ནས་རྒྱུག་པའི་ཆུ་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན་ ཉེ་བའི་ཆར་བོད་ཀྱི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་བཞིན་པའི་གནས་སྟངས་ཐོག་རྒྱ་གར་གཞུང་གིས་སེམས་འཚབ་གནང་དགོས་ཡག་ཅིག་ཆགས་ཀྱི་ཡོད་པ་བཀའ་སྩལ་གནང་མཛད་འདུག 

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨར་ལྦེན་ཀ་ཏ་ར་མན་དམ་པ་དེ་ཉིད་ཀྱི་འཁྲུངས་སྐར་ལ་སྲུང་རྩིའི་མཛད་སྒོའི་སྐབས་གོང་ཞུས་བཀའ་སློབ་སྩལ་ཡོད་པ་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་གནང་སྐབས་ རྒྱ་མི་རིག་གཅིག་རྐང་འཛིན་པ་ཚོའི་སྐད་ཆ་ལུང་དྲེན་གནང་ཏེ་ བོད་ནང་གི་འཁྱགས་རོམ་བཞུར་ཚད་དེ་བཞིན་ འཛམ་གླིང་ས་ཆ་གང་དྲ་ཞིག་གི་ཁྱག་རོམ་ཞུར་ཚད་ལས་མགྱོགས་པ་ཡོད་པ་དང་། དེར་བརྟེན་བོད་ནང་གི་འཁྱགས་རོམ་བཞུར་བཞིན་པའི་གནས་སྟངས་དེའི་ཐོག་དམིགས་གསལ་དོ་སྣང་བྱ་རྒྱུ་དེ་དགོས་ངེས་ཤིག་ཡིན་པ་བཀའ་སྩལ་གནང་མཛད་འདུག   བོད་ནས་རྒྱུག་བཞིན་པའི་ཆུ་བོ་ནི་ཨེ་ཤེ་ཡའི་ཡུལ་ཁག་དང་ལྷག་པར་དུ་རྒྱ་གར་དང་པ་ཀིསྟན་ འབར་མ་ ལོའོསེ་ སོགས་ཡུལ་གྲུ་མང་པོ་ཞིག་གི་མི་མང་ཚོའི་འཚོ་བརྟེན་ཡིན་པ་མ་ཟད་ བོད་ཀྱི་འཁྱགས་རོམ་གྱི་ཞུར་ཚད་མགྱོགས་སུ་འགྲོ་བཞིན་པ་དེས་ས་གནས་དེ་ཚོའི་མང་ཚོགས་ཀྱི་འཚོ་བར་ཐད་ཀར་ཉེན་ཚབས་བཟོ་ཡི་ཡོད་པ་ཁོར་ཡུག་གནད་དོན་ཐོག་ཞིབ་འཇུག་གནང་མཁན་ཚོས་ཉེན་རྡ་བཏང་མུས་ཡིན་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎