༸གོང་ས་མཆོག་དང་ཕེ་རན་སིའི་གྲོས་ཚོགས་འཐུས་མི་མཇལ་རྒྱུ།

༸གོང་ས་མཆོག་དང་ཕེ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཉིས་བརྒྱ་ལྷག་ཙམ་ཞིག་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་ཐུགས་གཏན་འདུག
2008-07-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་ཕེ་རན་སི་རུ་ཆིབས་བསྒྱུར་བསྐྱང་གནང་སྐབས་ཕེ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཉིས་བརྒྱ་ལྷག་ཙམ་ཞིག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད་

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བརྒྱད་པའི་ཚེས་ ༡༢ ནས་འགོ་བཙུགས་ཀྱིས་ཉིན་གྲངས་བཅུའི་རིང་ཕེ་རན་སི་རུ་ཆིབས་བསྒྱུར་བསྐྱང་གནང་རིང་ཕེ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཉིས་བརྒྱ་ལྔ་བཅུ་བརྒལ་བའི་ཚོགས་སྡེ་གཉིས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་ནི་གྲོས་ཚོགས་འོག་མའི་འཐུས་མི་༡༨༩དང་གྲོས་ཚོགས་གོང་མའི་འཐུས་མི་༦༣ལས་གྲུབ་པ་ཡིན་ཞིང་ གོང་ཞུས་གྲོས་ཚོགས་ཀྱི་འཐུས་མི་ཁག་དང་མཇལ་འཕྲད་གནང་སྐབས་གཙོ་བོ་བོད་དང་འབྲེལ་བའི་གནད་དོན་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད་

ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱང་གནང་རིང་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་དང་མཇལ་འཕྲད་གནང་རྒྱུ་ད་བར་ཐུགས་གཏན་འཁེལ་མེད་ནའང་ཉེ་ལམ་ཕེ་རན་སིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པས་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་གནང་བ་ཡིན་ན་དེའི་མཇུག་འབྲས་ཡག་པོ་ཡོང་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་པ་རེད་ འོན་ཀྱང་ཕེ་རན་སིའི་སྲིད་འཛིན་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་མིན་གྱི་ལས་རིམ་གཏན་འབེབས་གནང་རྒྱུ་དེ་རྒྱ་ནག་ལ་ར་ལུས་ཀྱི་མེད་པ་རེད་ཅེས་ལན་འདེབས་ནན་པོ་གནང་ཡོད་པ་རེད་

མཆན། (0)
Share
དྲ་གནས་ཆ་ཚང༌།