༸གོང་ས་མཆོག་གིས་ཨི་སི་རེལི་མཁས་པར་བྱ་དགའ་གསོལ་སྩལ།

༸གོང་ས་མཆོག་གིས་ཨི་སི་རེལ་གྱི་ཞིབ་འཇུག་མཁས་དབང་ལ་སྙན་གྲགས་ཆེ་བའི་དཔའ་མོའི་བྱ་དགའ་གསོལ་རས་བསྩལ་གནང་མཛད་རྒྱུ་ཡིན་པ།
2008-12-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དུས་རབས་ཉི་ཤུ་རྩ་གཅིག་པའི་ཨི་སི་རེལ་ཞེས་པའི་གསར་ཤོག་གིས་ཟླ་བ་འདིའི་ཚེས་ཉི་ཤུ་ལྔའི་ཉིན་དྲིལ་བསྒྲགས་སྤེལ་བ་ལྟར་ཕ་ཡུལ་གྱི་དྲ་རྒྱའི་ཐོག་ཁ་ས་རེས་གཟའ་སྤེན་པའི་ཉིན་གནས་ཚུལ་ཐོན་གསལ་ལྟར་ན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་སི་རེལ་གྱི་ཊེ་ལ་ལྦིལྦ་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ཞིབ་འཇུག་མཁས་དབང་ལྕམ་ག་ལི་ཡ་ས་སྦར་ཞུ་བར་ཨན་སང་ཧི་རོ་འམ་སྙན་གྲགས་ཆེ་བའི་དཔའ་མོའི་བྱ་དགའ་ཞེས་པ་དེ་གསོལ་རས་བསྩལ་གནང་མཛད་ཀྱི་རེད་ཅེས་སྙན་གྲགས་ཆེ་བའི་བྱ་དགའ་དེ་བཞིན་ཨི་སི་རེལ་གྱི་སྙན་གྲགས་ཅན་གྱི་ཊེ་ལ་ལྦིལྦ་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཨཕ་རི་ཀའི་ཤར་ཕྱོགས་ཁུལ་གྱི་རྒྱལ་ཁབ་ཨི་ཐོ་པི་ཡའི་ནང་མི་རབས་མི་རབས་བརྒྱུད་དེ་འཚོ་གནས་བྱས་དང་བྱེད་བཞིན་པའི་ཇིའུའི་མི་རིགས་ཚོའི་གནས་སྟངས་དང་དེ་བཞིན་འཚོ་རྟེན་ཁོ་ནའི་ཆེད་དུ་ཨི་སི་རེལ་གྱི་ཁྱོན་ལ་འཕྲལ་སེལ་རིང་ལ་ངལ་རྩོལ་རྒྱུགས་བཞིན་པའི་ཨཕ་རི་ཀའི་ཡུལ་མི་ཚོའི་སྤྱི་ཚོགས་ཀྱི་བྱ་གཞག་དང་དཔལ་འབྱོར་གྱི་གནས་སྟངས་ཐད་ལ་ལྕམ་ག་ལི་ཡ་ས་སྦར་ཞུ་བས་ཞིབ་འཇུག་རྒྱུན་སྲིང་གནང་བཞིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བ་མཚོན་གྱི་ཡོད་པ་རེད། བྱ་དགའ་དེ་བཞིན་ཨ་མི་རི་ཀའི་མངའ་སྡེ་ཁེ་ལི་ཕོ་ནི་ཡའི་ནང་རྟེན་གཞི་བྱས་པའི་ལྦིསི་ཌམ་ཨིན་ཨེཀ་ཤིན་ཞེས་པའི་སྒྲིག་འཛུགས་ཀྱི་གཙོ་སྐྱོང་དང་མཐུན་འགྱུར་འོག་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད། ཞིབ་འཇུག་མཁས་དབང་ལྕམ་ག་ལི་ཡ་ས་སྦར་ཞུ་བ་དེ་ཉིད་ནི་ཨི་སི་རེལ་གྱི་ཊེ་ལ་ལྦིལྦ་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཨཕ་རི་ཀའི་རྒྱལ་རབས་ཞིབ་འཇུག་སྡེ་ཚན་གྱི་ཚོགས་གཙོ་དང་རྟག་ཏུ་གནས་སྤོས་བྱེད་བཞིན་པའི་ངལ་རྩོལ་བའི་འབྲེལ་འཐུད་ཅེས་པའི་སྤྱི་ཚོགས་བདེ་དོན་ཚོགས་པའི་འགན་འཛིན་ཚོགས་མི་ཡང་ཡིན་པ་རེད། ལྕམ་ག་ལི་ཡ་ས་སྦར་ཞུ་བ་དེ་ཉིད་ནི་དེ་འདྲ་བའི་བྱ་དགའ་ཐོབ་མཁན་ཨི་སི་རེལ་གྱི་ཡུལ་མི་ཐོག་མར་དེ་ཡིན་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།