༸གོང་ས་མཆོག་ཕྱི་ཟླ་༡༡ནང་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུ།

༸གོང་ས་མཆོག་ཕྱི་ཟླ་བཅུ་གཅིག་པའི་ནང་ཉི་ཧོང་དུ་བཀའ་སློབ་གསུང་བཤད་དང་ཆོས་འབྲེལ་གྱི་མཛད་འཆར་བསྐྱང་གནང་རྒྱུ་ཡིན་འདུག

2008-07-24
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་༡༡པའི་ནང་ཉི་ཧོང་དུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པ་དང་ ཁུལ་དེར་བཀའ་སློབ་གསུང་བཤད་དང་ཆོས་འབྲེལ་གྱི་མཛད་འཆར་དུ་མ་བསྐྱང་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནས་ཕེརན་སི་གསར་སྤེལ་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན་ ཉི་ཧོང་གི་ཕུ་ཀུ་ཨ་ཌོ་ས་གནས་ཀྱི་ནང་པའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ ཕྱི་ཟླ་༡༡པའི་ཚེས་༡ནས་༧བར་ཉི་ཧོང་ལྷོ་བྱང་ཁུལ་དུ་ཡོད་པའི་ཕུ་ཀུ་ཨ་ཌོ་གྲོང་ཁྱེར་དུ་བྱམས་བརྩེ་དང་བདེ་སྐྱིད་སྐོར་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་དང་ དེ་བཞིན་ས་གནས་དེའི་ནང་པའི་ཆོས་ཚོགས་ཀྱིས་༸གོང་ས་མཆོག་ནས་གསུང་ཆོས་དང་ཆོས་འབྲེལ་གྱི་མཛད་འཆར་སྣེ་མང་གནང་ཕྱིར་མཐུན་འགྱུར་གོ་སྒྲིག་ཞུ་རྒྱུ་ཡིན་པའི་སྐོར་གནས་ཚུལ་འཁོད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་ཁུལ་སྔ་རྗེས་ཆོས་འབྲེལ་དང་འབྲེལ་བའི་ཆིབས་བསྒྱུར་ཐེངས་མང་གནང་ཡོད་ནའང་ ནུབ་ཕྱོགས་ཡུལ་ཁག་དང་མི་འདྲ་བར་ ཉི་ཧོང་དང་རྒྱ་ནག་གཉིས་དབར་ལོ་རྒྱུས་ཐོག་ནས་འཁོན་འཛིན་གྱི་འབྲེལ་བའི་རང་བཞིན་ངང་གནས་བཞིན་པར་བརྟེན་ནས་ ༸གོང་ས་མཆོག་ཉི་ཧོང་དུ་ཕེབས་སྐབས་ ཉི་ཧོང་གཞུང་གིས་རྒྱ་ནག་ལ་ཕོག་ཐུག་མི་ཡོང་བའི་དོག་ཟོན་བྱས་ཏེ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་དེ་སྐུ་སྒེར་གྱི་མཛད་འཆར་ཞིག་ལ་ངོས་འཛིན་བྱས་ཏེ་ གཞུང་འབྲེལ་གྱི་གནས་ཡོད་མཐོ་རིམ་མི་སྣས་མཇལ་འཕྲད་དང་སྣེ་ལེན་ཞུ་རྒྱུ་སོགས་ལ་འཛེམས་ཟོན་བྱེད་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།