སྐྱོ་དབྱངས་མངར་མོ་ཞེས་པའི་གློག་བརྙན།

2018-08-15
གློག་འཕྲིན།
མཆན།
Share
པར་བཀོད།
སྐྱོ་དབྱངས་མངར་མོ་ཞེས་པའི་བོད་ཀྱི་གློག་བརྙན་དེ་བཞིན་ཁེ་ན་ཊའི་གྲོང་ཁྱེར་Toronto ནང་འཚོགས་རྒྱུའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུ།
སྐྱོ་དབྱངས་མངར་མོ་ཞེས་པའི་བོད་ཀྱི་གློག་བརྙན་དེ་བཞིན་ཁེ་ན་ཊའི་གྲོང་ཁྱེར་Toronto ནང་འཚོགས་རྒྱུའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུ།
རི་ཏུ་བསྟན་འཛིན།

༄༅༎གློག་བརྙན་བཟོ་སྐྲུན་གནང་མཁན་Ritu Sarin དང་བསྟན་འཛིན་བསོད་ནམས་ལགས་བཟའ་མི་གཉིས་ཀྱིས་བཟོ་སྐྲུན་གནང་བའི་སྐྱོ་དབྱངས་མངར་མོ་ཞེས་པའི་བོད་ཀྱི་གློག་བརྙན་དེ་བཞིན་ཁེ་ན་ཌའི་གྲོང་ཁྱེར་Toronto ནང་འཚོགས་རྒྱུའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུ་ཡིན་པ་རེད།
དེ་ཡང་Ritu Sarin གྱིས་ངོ་དེབ་ཐོག་གནས་ཚུལ་སྤེལ་བའི་ནང་། སྐྱོ་དབྱངས་མངར་མོ་ཞེས་པའི་གློག་བརྙན་གསར་པ་དེ་Toronto རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་ཕུལ་ཞུ་རྒྱུའི་གནས་ཚུལ་དེ་འབྲེལ་ཡོད་ཚོར་དགའ་སྤྲོ་ངང་གསལ་བསྒྲགས་བྱ་རྒྱུ་དང་། གློག་བརྙན་འདི་བཟོ་སྐྲུན་བྱེད་རྒྱུར་དུས་ཡུན་རིང་པོ་འགོར་ཡོད་ནའང་། མི་མང་པོ་ཞིག་གིས་ང་ཚོའི་དམིགས་ཡུལ་དང་། ཕུགས་འདུན་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད་། ལས་དོན་དེ་འགྲུབ་པར་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་གློག་བརྙན་དེ་བཟོ་སྐྲུན་ཐུབ་ཡོད་པ་རེད།
དེར་བརྟེན་ཁྱེད་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ཁྱེད་ཚོའི་ཡིད་ཆེས་དང་འབད་བརྩོན་གྱི་ནུས་པར་བརྟེན་པའི་གྲུབ་འབྲས་ཤིག་ཡིན་ཞིང་། གློག་བརྙན་དེ་ནི་Totonto རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་སྟོན་རྒྱུར་ང་ཚོས་སྤྲོ་སེམས་འཁོལ་བའི་ངང་སྒུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། གློག་བརྙན་དེའི་ནང་དོན་ནི། ༢༠༠༦ ལོའི་ཕྱི་ཟླ་དགུ་པའི་ནང་བོད་མི་ཁག་ཅིག་རྒྱ་གར་དུ་བཙན་བྱོལ་དུ་ཡོང་བའི་ལམ་དུ་རྒྱ་ནག་གི་ས་མཚམས་དམག་མིས་མེ་མདའ་རྒྱབ་ཏེ་ལོ་༡༧ སོན་པའི་བཙུན་མ་ཞིག་བསད་པའི་གནས་ཚུལ་དེ་ཡིས་གློག་བརྙན་བཟོ་སྐྲུན་པ་Ritu Sarin དང་བསྟན་འཛིན་བསོད་ནམས་ལགས་བཟའ་མི་གཉིས་ལ་སེམས་ཚོར་དྲག་པོ་བྱུང་ནས་གློག་བརྙན་འབྲི་འགོ་བརྩམས་ཤིང་དེའི་མིང་ལ་སྐྱོ་དབྱངས་མངར་མོ་ཞེས་བཏགས་ཡོད་པ་རེད་།
གློག་བརྙན་བཟོ་སྐྲུན་པ་བཟའ་མི་གཉིས་ནས་ད་བར་ལོ་ངོ་སུམ་ཅུ་ལྷག་རིང་དངོས་བྱུང་གློག་བརྙན་ཉི་མ་སྤྲིན་པའི་འོག་ནས་དྭང་བའི་དུས་ཤིག་ཤར་ཡོང་ཞེས་པ་དང་། དེ་བཞིན་གློག་བརྙན་ལྷ་སའི་རྨི་ལམ་སོགས་གློག་བརྙན་མང་པོ་ཞིག་བཟོ་སྐྲུན་གནང་ཡོད་པ་རེད།།
གསར་འགོད་པ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།