སོག་པོའི་གཞུང་ལ་བསྔགས་བརྗོད་གནང་བ།

2016-11-24
གློག་འཕྲིན།
མཆན།
Share
པར་བཀོད།
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་Thomas Mannམཆོག། ༢༠༡༦།༦
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་Thomas Mannམཆོག། ༢༠༡༦།༦
དྲ་བཤུས།/FB

ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་པ་ནས་འཛམ་གླིང་གི་ནང་པའི་རྒྱལ་ཁབ་གཞན་དག་ཚོས་སོག་ཡུལ་མིག་དཔེར་བཟུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་དགོས་ཞེས་འབོད་སྐུལ་གནང་འདུག
ཟླ་བ་འདིའི་ཚེས་༢༣ཉིན་ཡོ་རོབ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་གཞོན་ཐོ་མ་སུ་མཱན་(Thomas Mann)ནས་གསལ་བསྒྲགས་ཤིག་སྤེལ་ཏེ།ཚོགས་པ་དེའི་ངོས་ནས་ཐེངས་འདིར་སོག་པོའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་མ་སྒུར་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་གདན་འདྲེན་ཞུས་བར་བསྔགས་བརྗོད་དང་འབྲེལ།སོག་ཡུལ་ནི་རང་དབང་ལྡན་པའི་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས།ནང་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་ནས་བཀའ་ཆོས་ཞུ་ཐུབ་པ་དེ་ནི་འོས་ཤིང་འཚམས་པ་ཞིག་དང་།ང་ཚོས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།སོག་པོ་ཚོས་རང་གི་གཅེས་འཛིན་བྱེད་བཞིན་པའི་རིན་ཐང་སྲུང་སྐྱོབ་ཆེད་ཕྱིའི་གནོན་ཤུགས་ལ་གདོང་ལེན་བྱེད་པའི་བྱ་སྤྱོད་དེར་ནང་པའི་ཡུལ་གྲུ་གཞན་པ་ཚོས་ཀྱང་མིག་དཔེ་རུ་བལྟ་དགོས་ཞེས་བཀོད་ཡོད་པ་དང་།གོང་བརྗོད་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཐོ་མ་སུ་ནས་མཱན་ནས་མུ་མཐུད་དུ་གསུང་དོན།འཛམ་གླིང་ནང་པའི་རྒྱལ་ཁབ་གཞན་དག་ཚོས་ཀྱང་སོག་པོའི་སྲིད་གཞུང་མིག་དཔེར་བཟུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་མིན་རྒྱ་ནག་གཞུང་གིས་སོག་པོའི་གཞུང་ལ་ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་བར་ངོ་རྒོལ་ཆེད་།ཡུལ་གཉིས་བར་འཚོགས་འཆར་གྱི་ཚོགས་འདུ་ཞིག་ཕྱིར་འགྱངས་བྱས་ཚུལ་གསར་འགྱུར་ནང་གནས་ཚུལ་བཀོད་འདུགཡིན་ནའང་སོག་པོའི་དད་ལྡན་པ་མང་པོ་དགུན་གྱི་གྲང་ངར་ལ་མ་འཛེམ་པར་རྒྱང་ཐག་སྤྱི་ལེ་ཆིག་སྟོང་ལྷག་ནས་ཡུལ་དེའི་རྒྱལ་ས་ཨུའུ་ལན་པཱ་ཐོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་མཇལ་དུ་བཅར་ཡོད་པ་རེད།།

གསར་འགོད་པ་ལྕག་མོ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།