ཐེ་དབན་མི་མང་ཁྲི་ལྔ་ལྷག་གིས་གཞུང་ལ་ངོ་རྒོལ་བྱེད་བཞིན་པ།

2014-03-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་དང་ཐེ་དབན་དབར་དུ་བཞག་པའི་ཚོང་འབྲེལ་གྱི་གྲོས་མཆོད་དེར་དེ་རིང་མི་མང་༥༠༠༠༠ལྷག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།
རྒྱ་ནག་དང་ཐེ་དབན་དབར་དུ་བཞག་པའི་ཚོང་འབྲེལ་གྱི་གྲོས་མཆོད་དེར་དེ་རིང་མི་མང་༥༠༠༠༠ལྷག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།
ཨེ་ཨེཕ་པི།

༄༅༎དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༣༠་རེས་གཟའ་ཉི་མའི་ཉིན། ཐེ་དབན་མི་དམངས་སྟོང་ཕྲག་མང་པོ་ཐེ་དབན་གྱི་གྲོས་ཚོགས་ཀྱི་རྒྱ་ལམ་ཁག་ཏུ་འདུ་འཛོམས་ཏེ། རྒྱ་ནག་དང་ཐེ་དབན་དབར་དུ་བཞག་པའི་ཚོང་འབྲེལ་གྱི་གྲོས་མཆོད་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
ལས་འགུལ་དེ་གོ་སྒྲིག་པས་མི་དམངས་ཁྲི་ལྔ་ལྷག་འདུ་འཛོམས་བྱུང་ཡོད་པ་ཚོད་དཔགས་གནང་བ་དང། ཐེ་དབན་དང་རྒྱ་ནག་གི་ཚོང་འབྲེལ་གྱི་གྲོས་མཆོད་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་གཟའ་འཁོར་གཉིས་ཙམ་ཕྱིན་པའི་ནང་ནས་མི་དམངས་ཀྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད། དེ་རིང་ངོ་རྒོལ་བྱེད་མཁན་མི་དམངས་ཚོས་ལུས་ལ་གྱོན་གོས་ནག་པོ་གྱོན་པ་དང་མགོ་ལ་རས་སེར་པོ་དཀྲིས་ཏེ་རས་ཀྱི་སྟེང་དུ་དམངས་གཙོའི་ཆེད་དུ་འཐབ་རྩོད་བྱ་རྒྱུ་ཡིན། ཚོང་འབྲེལ་གྱི་གྲོས་མཆོད་དེ་ཕྱིར་འཐེན་བྱ་དགོས་ཟེར་བྲིས་ཡོད་པ་རེད། ན་ནིང་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་དང་ཐེ་དབན་དབར་ལ་ཞབས་ཞུའི་ལས་རིགས་ཚོང་འབྲེལ་གྱི་གྲོས་མཆོད་བཞག་པའི་སྐབས་ཐེ་དབན་དམངས་གཙོ་ཚོགས་པ་སོགས་མི་དམངས་ཀྱིས་གྲོས་ཚོགས་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ་ཐག་གཅོད་ཡོང་བ་བྱ་དགོས་པའི་རེ་འདུན་ཞུས་ཀྱང་ཐེ་དབན་གོ་མིང་ཏང་གཞུང་གིས། ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༡༨ ཉིན་གྲོས་ཚོགས་ཐོག་ནས་གྲོས་མཆོད་དེར་བཀའ་ཁྲོལ་བྱུང་ལུགས་གསལ་བསྒྲགས་བྱས་པར་བརྟེན་ཐེ་དབན་མཐོ་རིམ་སློབ་གྲྭའི་སློབ་མ་གཙོ་བོར་གྱུར་བའི་མི་དམངས་ནས་གྲོས་ཚོགས་ཀྱི་བྱ་སྤྱོད་དེར་ངོ་རྒོལ་བྱས་པ་མ་ཟད། གྲོས་ཚོགས་ནང་དུ་འཛུལ་ནས་ཉིན་གྲངས་འགའ་ཤས་རིང་གྲོས་ཚོགས་ཚོགས་མ་ཐུབ་པ་བཟོས་ཡོད་ཀྱང་། སྲིད་འཛིན་Ma Ying-jeou ཡིས་གྲོས་མཆོད་དེ་རྒྱུན་གནས་ཐུབ་ཐབས་སུ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་སྟེ་གྲོས་མཆོད་དེ་ནི་ཐེ་དབན་མི་དམངས་ཀྱི་ཁེ་ཕན་དང་ཐུགས་ཡོད་ལུགས་གསུངས་ཡོད་ཅིང༌། འོན་ཀྱང་ངོ་རྒོལ་བྱེད་མཁན་མི་དམངས་ནས་ཚོང་འབྲེལ་དེ་ཡིས་ཐེ་དབན་མི་དམངས་ཀྱི་ཚོང་ལས་ལ་གྱོང་རྒུད་ཐེབས་རྒྱུ་མ་ཟད། རྒྱ་ནག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།།

 

གསར་འགོད་པ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།