ཤིན་ཅང་དུ་སླར་ཡང་ཉེན་རྟོག་པ་གསུམ་བསད་པ།

ཤར་ཏུར་ཀིསི་ཐན་གྱི་ས་ཁུལ་ཞིག་གི་ནང་སླར་ཡང་ཉེན་རྟོག་མི་སྣ་གསུམ་དམར་བསད་བཏང་བ་དང་མི་གཅིག་ལ་རྨས་སྐྱོན་ཚབས་ཆེ་བཏང་འདུག

2008.08.12

༄༅༎གཟའ་མིག་དམར་ཉིན་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པ་ ཤར་ཏུར་ཀིསི་ཐན་གྱི་ས་ཁུལ་ཞིག་གི་ནང་ སླར་ཡང་ཉེན་རྟོག་མི་སྣ་གསུམ་དམར་བསད་བཏང་པ་དང་ དེ་མིན་མི་གཅིག་ལ་རྨས་སྐྱོན་ཚབས་ཆེ་བཏང་པའི་གནས་ཚུལ་བྱུང་ཡོད་པ་ པེ་ཅིང་ནས་རོཡེ་ཀྲར་སེ་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག

འདིའི་གོང་ ཤིན་ཅང་དང་དྲག་ཟིང་གི་གནས་ཚུལ་ཐེངས་གཉིས་བྱུང་བ་དེ་གཉིས་ཀ་རྒྱ་ནག་གཞུང་གིས་ཤིན་ཅང་ཁ་ཆེའི་མི་རིགས་ཀྱི་ཁ་བྲལ་བ་ཚོས་བྱ་སྤྱོད་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད་

གཟའ་མིག་དམར་ཉིན་ཉེན་རྟོག་པ་རྐྱེན་ལམ་དུ་བཏང་པའི་གནས་ཚུལ་དེ་ རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ཐོག་ལ་ཡང་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་དང་ དེའི་ནང་ཤིན་ཅང་གི་གྲོང་ཁྱེར་ཀཤེ་གར་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༣༠ ཙམ་ཡོད་པའི་ ཤུ་ལེ་ཞེས་པའི་ས་གནས་ཞིག་ཏུ་དྲག་རྒོལ་མི་གཅིག་གམ་ དེ་ལས་མང་བ་གང་རུང་ཞིག་སྤྱི་སྤྱོད་རླངས་འཁོར་ཞིག་ནས་འདོན་སྟེ་ ཞིབ་རྟོག་གི་ལས་དོན་སྤེལ་མཁན་གྱི་ཉེན་རྟོག་མི་སྣར་གྲི་བརྒྱབ་སྟེ་ མི་གསུམ་དམར་བསད་དང་ མི་གཅིག་ལ་རྨས་སྐྱོན་ཚབས་ཆེ་བཏང་ལུགས་བརྗོད་འདུག

གཟའ་འཁོར་གཅིག་ཙམ་གྱི་སྔོན་ ཤིན་ཅང་ནང་ ཉེན་རྟོག་མི་སྣར་གྲི་བརྒྱབ་པ་དང་ འབར་རྫས་གཏོར་བའི་དོན་རྐྱེན་འོག་

ཉེན་རྟོག་པ་བཅུ་དྲུག་ཙམ་རྐྱེན་ལམ་དུ་བཏང་པ་དང་ དེ་རྗེས་གཟའ་ཉི་མའི་ཉིན་ཀུ་ཀ་ཞེས་པའི་ས་གནས་སུ་ཡོད་པའི་ཚོང་ཁང་ཆེན་པོ་ཞིག་གི་ནང་འབར་རྫས་འགའ་ཤས་གཏོར་སྟེ་ མི་གྲངས་ ༡༡ གི་ཚེ་སྲོག་བཤོར་བའི་གནས་ཚུལ་བྱུང་ཡོད་ཅིང་ ཀཤེ་གར་གྲོང་ཁྱེར་གཡས་གཡོན་གྱི་སྲུང་སྐྱོབ་ཧ་ཅང་དོ་དམ་དུ་བཏང་དགོས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎