སེར་ཤུལ་རྫོང་དུ་བཀག་ཉར་བྱེད་པ།

2013-03-23
གློག་འཕྲིན།
མཆན།
Share
པར་བཀོད།
དགེ་འདུན་པ་བློ་བཟང་བསམ་གཏམ། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས།
དགེ་འདུན་པ་བློ་བཟང་བསམ་གཏམ། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀུན་བཟང་བསྟན་འཛིན།

༄༅༎ཉེ་ཆར་རྫ་ཆུ་ཁ་སེར་ཤུལ་རྫོང་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་གྱི་གྲྭ་བ་གསུམ་ད་ལྟ་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བཤད་པར་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་རྫ་ཆུ་ཁ་སེར་ཤུལ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་གནང་མཁན། དགེ་འདུན་པ་ཐུབ་བསྟན་དགེ་ལེགས་དང་བློ་བཟང་བསམ་གཏན། རྣམ་རྒྱལ་ཚེ་རིང་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་པ་དང་། ཁོང་གསུམ་ད་ལྟ་སེར་ཤུལ་རྫོང་ཐོག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་ཅིང་། ཁོང་གསུམ་ལ་ཕྱི་ཚེས་ ༧ ཉིན་གྱི་དགོང་མོར་མང་དགེ་ས་གནས་སློབ་གྲྭའི་རྒྱ་ནག་གི་རྒྱལ་དར་མར་ཕབས་མཁན་ཡིན་པའི་ཉེས་འཛུཊ་ཀྱང་བཙུགས་ནས་མི་འགྱངས་པར་མི་ཉག་ར་རྔ་རྫོང་གི་བཙོན་ཁང་དུ་འཁྲིད་རྒྱུ་ཡིན་ཚུལ་བརྗོད་འདུག

ཉེ་ལམ་ངོ་རྒོལ་སྐད་འབོད་ཀྱི་གནས་ཚུལ་བྱུང་རྗེས་ཉེན་རྟོག་པ་དང་ལས་བྱེད་མི་སྣ་ཡོང་ནས་གྲྭ་ཤག་སྔོག་བཤེར་གྱིས་ཅ་དངོས་ཁག་ཅིག་གཞུང་བཞེས་བཏང་བ་དང་། ཁོང་ཚོའི་ནང་མི་ཉེ་འབྲེལ་ཚོར་ཁོང་རྣམ་པའི་ལག་འཁྱེར་དང་བརྙན་ཆས་ཀྱི་རིགས་སོགས་རྩིས་སྤྲོད་བྱེད་བཅུག་ཡོད་པ་མ་ཟད། ནང་མི་ཚོ་ཁོང་ཚོའི་ལས་འགུལ་དང་འབྲེལ་བ་ཡོད་མེད་ཞིབ་འཇུག་བྱས་ཡོད་འདུག
གོང་ཞུས་དགེ་འདུན་དེ་གསུམ་པོས་གསུམ་བཅུ་དུས་དྲན་ཉིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་ཀྱི་འཕྲེད་དར་ཐོག “ རང་དབང་ནི་བདེ་སྐྱིད་ཀྱི་རྩ་བ་རེད། བོད་མི་རིགས་ལ་རང་དབང་དང་བདེ་སྐྱིད་དགོས། ༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་ "ཞེས་བྲིས་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།