བོད་ནང་བཙན་ཤེད་སྦྱོང་བརྡར་སྤྲོད་བཞིན་པར་རྒྱལ་ཚོགས་ནང་གླེང་སློང་།

2020-09-26
གློག་འཕྲིན།
མཆན།
Share
པར་བཀོད།
མཉམ་སྦྲེལ་རྒྱལ་ཚོཌ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཌ།
མཉམ་སྦྲེལ་རྒྱལ་ཚོཌ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཌ།
ཨེ་ཨེཕ་པི།

འདི་ཚེས་༢༥ཉིན་མཉམ་སྦྲེལ་རྒྱལ་ཚོཌ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཌ་ཀྱི་རྒྱུན་ལྡན་ཚོགས་ཆེན་ཐོག་ཇི་ནེ་ཝ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དམིགས་བསལ་ལས་བྱེད་པ་འཕྲིན་ལས་ཆོས་སྐྱིད་ལཌ་ཀྱིས་བོད་ནང་རྒྱ་ནག་གིས་ངལ་རྩོལ་བ་ས་ཡ་ཕྱེད་ཀ་ཙམ་ལ་བཙན་དབང་ཐོག་སྦྱོང་བརྡར་སྤྲད་ཀྱི་ཡོད་སྐོར་གླེང་སློང་གནང་ཡོད་ཅིང་། ཁོང་གིས་ཉེན་ཚབས་ནང་ལྷུང་བའི་མི་མང་གི་སྤྱི་ཚོཌ་ཀྱི་མགྲིན་ཚབ་པའི་ཚུལ་དུ་ཚོཌ་ཆེན་གྱི་གྲོས་གཞི་དོན་ཚན་བཞི་པ་ལྷན་ཚོཌ་ཀྱི་ཐུགས་སྣང་གནང་དགོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་འདུག ཁོང་གིས་ད་ལམ་བོད་ནང་རྒྱ་ནག་གཞུང་གིས་སྤྱི་ཚོཌ་ཡར་རྒྱས་དང་རྒྱལ་ཁབ་འཛུཌ་སྐྲུན་གི་མིང་ཐོག་ནས་དོན་དམ་ཐོག་ངལ་རྩོལ་བ་ས་ཡ་ཕྱེད་ཀ་ཙམ་ལ་དམག་མི་ནང་བཞིན་བཙན་ཤེད་སྦྱོང་བརྡར་དང་དམ་བསྒྲགས་འོག་བཞག་ཡོད་པའི་སྐོར་སྙན་སེང་ཞུས་གནང་འདུག ཆོས་སྐྱིད་ལཌ་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ས་ཞིང་འཕྲོག་ནས་འབྲོག་པ་ཚོ་བཙན་ཤེད་ཀྱིས་འབྲོག་ས་ནས་སྤོ་བཞུད་བྱེད་བཅུག་ནས་བོད་ཀྱིས་སྲོལ་རྒྱུན་འཚོ་རྟེན་མེད་པ་བཟོས་ཡོད་པ་མ་ཟད། ད་ཆ་བོད་མི་ཚོ་ངལ་རྩོལ་རྭ་བའི་བསམ་བློའི་བཅོས་བསྒྱུར་སྡུག་སྦྱོང་མྱང་བཞིན་ཡོད་སྐོར་གསུངས་གནང་འདུག ཁོང་གིས་རྒྱ་ནག་གིས་ཀོ་ཝིད་༡༩ནད་ཡམས་ཁ་ལ་འཁྱེར་ནས་བོད་མི་ཚོར་སྡུག་སྦྱོང་ཀྱང་བཏང་གི་ཡོད་སྐོར་སྐྱོན་བརྗོད་གནང་འདུག ཡང་ཁོང་གིས་བོད་ནང་རྒྱ་ནག་གིས་ལོ་༢༥འི་གོང་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་དེ་བཞིན་ཐོབ་ཐང་འཐབ་རྩོད་པ་བཀྲིས་དབང་ཕྱུག་ལགས་དང་ཨ་ཉ་སེང་སྒྲ་ལགས་དང་བསོད་ནམས་དཔལ་ལྡན་ལགས་བཅས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡང་གླེང་སློང་གནང་འདུག བར་ལམ་ཡོ་རོབ་ཀྱི་རྒྱལ་ཁབ་༡༥འི་གྲོས་ཚོཌ་ཀྱི་འཐུས་མི་༦༣དང་ཡོ་རོབ་གྲོས་ཚོཌ་ཀྱིས་ཟུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་གི་གདུག་རྩུབ་དྲག་གནོན་ལ་སྐྱོན་བརྗོད་དང་སྦྲགས་རྒྱལ་ཚོཌ་ནས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཐོག་གཉའ་གནོན་ཤུ་ཞོག་གཏོང་བཞིན་པའི་ཐོག་དམིགས་བསལ་ཞིབ་འཇུག་ལྷན་ཚོཌ་ཤིག་བཙུཌ་དགོས་པའི་སྐུལ་མ་ཡང་ཞུས་གནང་འདུག།།

མཆན། (0)
Share
དྲ་གནས་ཆ་ཚང༌།