རྒྱ་ནག་གིས་བོད་ནང་མུ་མཐུད་དེང་རབས་ཅན་གྱི་གོ་མཚོན་དཔུང་འཇོག་བྱེད་བཞིན་ཡོད་འདུག


2019.01.08
རྒྱ་ནག་གིས་བོད་ནང་དམག་སྦྱོང་སྐབས། ༢༠༡༨ རྒྱ་ནག་གིས་བོད་ནང་དམག་སྦྱོང་སྐབས། ༢༠༡༨
china-defense.blogspot.com

རྒྱ་ནག་གིས་རྒྱ་གར་དང་ས་ཐག་ཉེ་བའི་བོད་ཀྱི་ས་ཁུལ་ཐོག་དེང་རབས་ཅན་གྱི་སྤོ་འཁྱེར་སྟབས་བདེ་ཅན་གྱི་གོ་མཚོན་དཔུང་འཇོག་བྱས་ཡོད་འདུག
དེ་ཡང་(PTI) གསར་ལས་ཁང་གིས་(Gobal Times)ཞེས་པ་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། རྒྱ་ནག་བཅིངས་འགྲོལ་དམག་གིས་བོད་དང་རྒྱ་གར་ས་མཚམས་ས་ཁུལ་དུ་དཔུང་འཇོག་བྱས་པའི་(PLC 181)རྟགས་ཅན་གྱི་འགྲུལ་འཁོར་ཐོག་སྟེགས་པའི་མེ་སྒྱོགས་དེ་བཞིན་དེ་སྔ་༢༠༡༧ལོར་འབྲོག་ལམ་གྱི་འཁོན་འཁྲུག་སྐབས་ཐོག་མར་དཔུང་འཇོག་བྱས་ཡོད་ལུགས་(Song Zhongping) ཟེར་བའི་རྒྱ་ནག་གི་དམག་དོན་དཔྱད་ཞིབ་པས་བརྗོད་འདུག གནས་ཚུལ་ནང་གསལ་བར། ས་མཐོའི་བོད་ཀྱི་ས་ཆའི་ཆགས་བབས་ལ་བརྟེན་ནས་སྔ་ལོ་རྒྱ་ནག་བཅིངས་འགྲོལ་དམག་གིས་ ལྗིད་ཚད་ཆེ་བའི་རྒྱུན་ལྡན་གྱི་ཐང་ག་རི་འམ་མཚོན་ལྡན་ལྕགས་ཁྲབ་དམག་འཁོར་མ་ཡིན་པར་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ་འགྲུལ་འཁྱེར་སྟབས་བདེ་ཅན་གྱི་ལྗིད་ཚད་ཆུང་བའི་མཚོན་ལྡན་ལྕགས་ཁྲབ་དམག་འཁོར་འགྲེམས་འཇོག་བྱས་ཡོད་པ་རེད། འབྲོག་ལམ་གྱི་རྙོག་གླེང་མཚམས་འཇོག་བྱུང་ནས་ད་ལྟའི་ཆར་རྒྱ་དཀར་ནག་དབར་གྱི་འབྲེལ་བ་ལྷིང་འཇགས་བྱུང་ཡོད་ནའང་རྒྱ་ནག་གཞུང་ནས་ས་འབྲེལ་ས་མཚམས་སུ་འགྲུལ་འཁྱེར་སྟབས་བདེ་ཅན་གྱི་མེ་སྒྱོགས་ལ་སོགས་པའི་ཆེས་དེང་རབས་ཅན་གྱི་གོ་མཚོན་དཔུང་འཇོག་བྱེད་བཞིན་ཡོད་པ་དེ་ བོད་རང་སྐྱོང་ལྗོངས་ནང་རྒྱ་ནག་བཅིངས་འགྲོལ་དམག་གི་དམག་དོན་གྱི་གྲ་སྒྲིག་མདུན་བསྐྱོད་གཏོང་རྒྱུའི་ལས་དོན་གྱི་ཆ་ཤས་ཡིན་ཞིང་། དེ་ཡང་རྒྱ་ནག་གི་དྲག་པོའི་སྒྲིག་འཛུགས་ནས་༢༠༡༩ལོའི་དམག་སྦྱོང་གི་ལས་རིམ་ནང་རྒྱ་མཚོ་ནས་མཐོ་ཚད་མི་ཊར་༣༧༠༠ལྷག་གི་མཚོ་བོད་ས་ཐོག་ཏུ་དམག་སྦྱོང་གི་ལས་འཆར་རིམ་པ་བཀོད་སྒྲིག་བྱེད་བཞིན་ཡོད་པ་གནས་ཚུལ་ནང་གསལ་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎