ཆིངས་ཡིག་དོན་ཚན་༡༧་ཟེར་བ་བཞག་ནས་མི་ལོ་༦༥ཕྱིན་པ།

2016-05-24
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ལོ་༡༩༥༡་ཟླ་བ་༥་ཚེས་༢༣་ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་༡༧་ཟེར་བ་འཇོག་སྐབས།
སྤྱི་ལོ་༡༩༥༡་ཟླ་བ་༥་ཚེས་༢༣་ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་༡༧་ཟེར་བ་འཇོག་སྐབས།
པར་ཚགས།

སྤྱི་ལོ་༡༩༤༩་ལོར་རྒྱ་དམར་གྱིས་བོད་ཀྱི་ས་ཐོག་ཏུ་བཙན་འཛུལ་བྱས་པ་ནས་བཟུང་བོད་དེ་དུམ་བུར་བགོས་ནས་མུ་མཐུད་དབང་བསྒྱུར་བྱ་རྒྱུའི་ངན་ཇུས་ཞིག་བརྩམས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང་གི་བཀའ་འཁྲོལ་མེད་པར་སྤྱི་ལོ་༡༩༥༡་ཟླ་བ་ ༥་ཚེས་༢༣་ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་༡༧་ཟེར་བ་ཞིག་རྒྱ་དམར་གྱི་སྡིག་རའི་འོག་འཇོག་དགོས་བྱུང་ནས་ད་ཆ་ལོ་ངོ་༦༥་ཧྲིལ་པོ་ཕྱིན་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གཞུང་ནས་ཆིངས་ཡིག་གི་དོན་ཚན་ཇི་བཞིན་ལག་བསྟར་མ་བྱས་པར་བརྟེན། ཆིངས་ཡིག་དོན་ཚན་༡༧་ཟེར་བ་དེར་བོད་གཞུང་འབངས་གཉིས་ཀྱིས་ཁས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་དང། དུས་དེ་ནས་བཟུང་བོད་ཕྱི་ཕྱོགས་སུ་ལོ་ལྟར་ཆིངས་ཡིག་དོན་ཚན་༡༧་ཟེར་བར་ངོས་ལེན་མེད་པའི་བྱེད་སྒོ་ཡང་འདྲ་མིན་སྤེལ་བཞིན་པ་དང་མཉམ་ཆིངས་ཡིག་དོན་ཚན་༡༧ ཟེར་བ་ནི་ཁྲིམས་ཐོག་ནས་ནུས་མེད་དུ་ཕྱིན་ཡོད་པ་རེད།
འོན་ཀྱང་ཉེ་ཆར་རྒྱ་ནག་གིས་འདོན་སྤེལ་བྱས་པའི་བོད་ཐོག་ཡིག་ཆ་དཀར་པོ་ཞེས་བའི་ནང་། པེ་ཅིང་གི་ངོས་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ཐོག་བཟོད་པར་དཀའ་བའི་གཏམ་འཆལ་རིང་པོ་ཞིག་སྤེལ་ཡོད། གཞུང་ངོས་ཀྱི་དྲིལ་བསྒྲགས་ལྟར། རྒྱ་མིས་བདེན་པ་ལས་གཡོལ་ཐབས་དང་། དོན་རྐྱེན་ལས་ཐར་ཐབས་ཆེད། ཕྱེད་བདེན་པ་དང་རྫུན་གཏམ་འདྲ་མིན་སྣ་ཚོགས་བཤད་དེ་ཁོང་ཚོའི་ཕམ་ཁ་འགེབ་སྲུང་བྱེད་ཀྱི་ཡོད་པ་རེད། ཡིག་ཆ་དཀར་པོའི་ནང་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་དེ་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བའི་མཚོན་བྱེད་ཅིག་ཡིན་པ་མ་ཟད། བོད་ནང་སྤྱི་ཚོགས་ཡར་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་མགོ་འཛུགས་བྱས་པ། དེ་བཞིན་རྒྱ་མིའི་དམག་མི་ཕོན་ཆེ་བོད་ནང་ཡོད་པ་སོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དབྱིན་ཇི་དང་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་དྲག་དཔུང་བོད་ནས་མཐར་བསྐྲོད་གཏོང་ཆེད་ཡིན་སྐོར་རྒྱུ་མཚན་དྲངས་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།