དམ་དྲག་གིས་བོད་མིའི་སེམས་ནང་འཇིཊ་སྣང་བསྐྲུན་བཞིན་པ་རེད། ཉམས་ཞིབ་པ་ཞིག་གིས།

2019-03-14
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་མི་དམངས་འཐུས་ཚོགས་སྐབས་ཀྱི་པར་ཞིག ༢༠༡༩།༣།༡༠
རྒྱ་ནག་མི་དམངས་འཐུས་ཚོགས་སྐབས་ཀྱི་པར་ཞིག ༢༠༡༩།༣།༡༠
AP

རྒྱ་ནག་གཞུང་གིས་བོད་ནང་འཕྲུལ་ཆས་གསར་ཐོན་འདྲ་མིན་བེད་སྤྱོད་ཀྱིས་བོད་ནང་ལྟ་སྲུང་ནན་མོས་བོད་མིའི་སེམས་ནང་འཇིགས་སྣང་ཆེན་པོ་བཟོ་བཞིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་ནང་དྲ་རྒྱའི་འཕྲུལ་རིག་དང་ལྷག་པར་དུ་བདེ་འཇགས་ལྟ་སྲུང་དང་འབྲེལ་བའི་ཚོང་རིགས་རྣམ་གྲངས་མང་པོ་ཞིག་དར་སྤེལ་བྱེད་བཞིན་ཡོད་པའི་སྐོར་ཉེ་ཆར་ཨེ་ཤེ་ཡ་བསྐྱར་ཞིབ་ཀྱི་དབྱིན་ཡིག་དྲ་གནས་སུ་གནས་ཚུལ་བཀོད་ཡོད་ཅིང་། དེ་ཡང་གཙོ་བོ་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོའི་གནས་ཚུལ་གསོག་འཇོག་གིས་དབྱེ་ཞིབ་བརྗེ་རེས་ཀྱི་འཆར་གཞི་ཡོད་པ་དང་ བཅོས་མའི་རྣམ་དཔྱོད་དམ་(Artificial intelligence)་ཡི་བཟོ་ཚོང་ཁང་ཆེན་པོ་(Alibaba)་དང་། འཚོལ་ཞིབ་ཀྱི་མ་ལག་མཁོ་འདོན་པ་(Baidu)་བཟོ་ཚོང་ཁང་། འཕྲིན་ཐུང་གི་མ་ལག་མཁོ་འདོན་ཁང་(Tencent Holdings) སྐད་སྒྲ་ངོས་འཛིན་དང་དབྱེ་ཞིབ་ཀྱི་བཟོ་ཚོང་ཁང་ཆེན་པོ་(iflyTek) མིའི་གདོང་རིས་ངོས་འཛིན་གྱི་(SenseTime)་བཅས་འཕྲུལ་རིག་གི་བཟོ་ཚོང་ཁང་ཆེན་པོ་ལྔ་བོད་ནང་འཛུགས་ཐབས་བྱེད་བཞིན་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ཁྲལ་ཆག་ཡང་དང་བཟོ་ཚོང་ཁང་ཁ་ཤས་ལ་གཞུང་གིས་རྒྱབ་སྐྱོར་ཆེན་པོ་ཡོད་པས། བཟོ་ཚོང་ཁང་དེ་ཚོས་བོད་ནང་མ་འཛུགས་བྱེད་བཞིན་པ་དང་མཉམ་དུ་དྲ་ལམ་གྱི་གནས་ཚུལ་གསོག་འཇོག་དབྱེ་ཞིབ་དང་། སྐད་སྒྲ་ངོས་འཛིན། བོད་ཡིག་རྒྱ་ཡིག་ཏུ་བསྒྱུར་པ་སོགས་ལས་གཞི་སྣ་ཚོགས་འགྲོ་བཞིན་པ་སོགས་བཀོད་ཡོད་ཅིང་། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་སྐབས་བོད་ནང་ཉེན་རྟོག་དམག་མིའི་ཐོག་འཕྲུལ་ཆས་དང་གཉེན་ཆས་གསར་ཐོན་འདྲ་མིན་བེད་སྤྱོད་ཀྱིས་བོད་ནང་ལྟ་སྲུང་ནན་མོ་བྱེད་བཞིན་པའི་གནས་སྟངས་དེས་བོད་མིའི་སེམས་ནང་འཇིགས་སྣང་ཆེན་པོ་བཟོ་བཞིན་པ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་ངོས་ནས་སྤྱི་ཚོགས་བརྟན་བརླིང་ཟེར་བའི་མིང་གི་འོག། དཀའ་ལས་དང་འགྲོ་སོང་མང་པོ་གཏོང་བཞིན་པ་དང་། དེང་སྐབས་བོད་ནང་མི་ཕན་ཚུན་དོགས་ཟོན་ཆེན་པོའི་ངང་གནས་དགོས་བཟོས་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་པ་རེད།
གཞན་ཡང་ཨེ་ཤེ་ཡ་བསྐྱར་ཞིབ་ཀྱི་ཐོག་འཁོད་གསལ་ཡིན་ན། བོད་ནང་རྒྱ་ནག་ཧན་མི་རིགས་ཧ་ཅང་མང་པོ་གནས་སྤོས་དང་། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་བཏང་མིན་ལ་མ་ལྟོས་པར། བོད་མི་ཚོས་འདོད་པ་མ་ཁེངས་པའི་རྣམ་འགྱུར་ཇེ་ཆེར་འགྲོ་བཞིན་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གི་དབང་བསྒྱུར་འོག་བོད་ནང་དམ་དྲག་སྔར་ལས་ཇེ་ཆེར་སོང་ཡོད་པའང་བརྗོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།