ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་བགྲོ་གླེང་གནང་འདུག

2022.11.15
Share on WhatsApp
Share on WhatsApp
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་བགྲོ་གླེང་གནང་འདུག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་བགྲོ་གླེང་གནང་སྐབས། ༡༡།༡༤།༢༠༢༢
Tibet Bureau Geneva

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་སྐོར་གཏམ་བཤད་དང་བགྲོ་གླེང་གནང་འདུག
ཕྱིེ་ཚེས་༡༤ཉིན་དེང་སྐབས་ཡོ་རོབ་ནང་གཟིགས་སྐོར་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་དབུ་ཚང་གཡུ་སྒྲོན་ལགས་དང་། བསྟན་པ་ཡར་འཕེལ་ལགས། དབང་འདུས་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་(Jiří Oberfalzer)་ལགས་དང་། གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་ཊི་ཀ་སེ་ཊི་ལོ་ཝ་(Jitka Seitlova)་ལགས། ཕྱི་སྲིད་བློན་ཆེན་གཞོན་པ་ཇི་རི་ཀོ་ཛག་(Jiri Koza)་ལགས་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་སུ་བགྲོ་གླེང་དང་། གོ་བསྡུར་སྦྱངས་བཤད་གནང་ཡོད་འདུག

tibet Czech1.jpg
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཐུན་མོང་གིས་གོ་སྒྲིག་བྱས་ནས་བོད་དོན་བགྲོ་གླེང་གི་ཚོགས་འདུ་ཞིག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་ཏུ་ཟླ་བ་འདིའི་ཚེས་༡༤ཉིན་འཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཅེག་གི་གྲོས་ཚོགས་འཐུས་མི་དང་། ལྷག་པར་ཕྱི་སྲིད་བློན་ཆེན་གཞོན་པ་སོགས་མཉམ་ཞུགས་གནང་སྟེ། ཅེག་སྤྱི་མཐུན་རྒྱལ་ཁབ་དང་ཡོ་རོབ་མཉམ་འབྲེལ་གྱི་ཐོག་ནས་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་ཇི་ཡོད་དང་། དེ་བཞིན་བོད་ནང་གི་ཆོས་དད་རང་དབང་སྐོར་དང་། བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་ཕྱོགས། བོད་ཀྱི་གནས་བབ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་སྤྱིའི་ལས་འགན་སོགས་ཀྱི་བརྗོད་གཞིའི་ཐད་གཏམ་བཤད་དང་གྲོས་བསྡུར་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎