པེ་ཅིན་དུ་བོད་ཀྱི་རི་མོའི་འགྲེམས་སྟོན།

རྒྱ་ནག་གིས་དབང་བསྒྱུར་བྱས་ནས་ལོ་ངོ་དྲུག་བཅུའི་རིང་སློབ་གསོ་དང་དམངས་གཙོའི་རང་དབང་སོགས་ཡོད་ལུགས་རི་མོའི་འགྲེམས་སྟོན།

2011-06-15
Share

༄༅༎རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་ངོ་དྲུག་བཅུ་འཁོར་བ་ཟེར་བའི་དུས་དྲན་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པའི་ནང་ ཕྱི་ཚེས་༡༤ཉིན་ནས་བཟུང་ཉིན་གྲངས་བཅུ་གཅིག་རིང་ པེ་ཅིན་དུ་བོད་ལ་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་ལོ་ངོ་དྲུག་བཅུའི་རིང་སློབ་གསོ་དང་དམངས་གཙོའི་རང་དབང་སོགས་ཡོད་ལུགས་ཀྱི་འབྲེལ་ཡོད་རི་མོའི་འགྲེམས་སྟོན་ཞིག་སྒོ་འབྱེད་བྱས་ཡོད་པ་དང་  རི་མོའི་འགྲེམས་སྟོན་དེའི་ནང་ཁྱོན་རི་མོ་༢༡༥ཙམ་འགྲེམས་སྟོན་བྱས་ཡོད་པ་དང་ དེ་ཚོའི་ནང་ལོ་རྒྱུས་དང་ ཁོར་ཡུག རིག་གཞུང་ ཆོས་ལུགས་ སྤྱི་ཚོགས་ཀྱི་རྣམ་པ་སོགས་རྣམ་གྲངས་ཁག་ལྔ་ལ་དབྱེ་ཡོད་ཅིང་ ད་རེས་བོད་ཀྱི་རི་མོའི་འགྲེམས་སྟོན་དེ་བཞིན་ རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་པའི་རྗེས་བོད་སྐོར་གྱི་རི་མོའི་འགྲེམས་སྟོན་གཞི་རྒྱ་ཆེན་པོ་དེ་རིགས་སྤེལ་ཡས་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོདཔ་རེད་ རྒྱ་ནག་རིག་རྩལ་ལྷན་ཁང་གིས་དཔོན་རིགས་ཝུའུ་གྲང་ཅིང་གིས་བརྗོད་ན་ ད་རེས་ཀྱི་རི་མོའི་འགྲེམས་སྟོན་དེ་བཞིན་བོད་མིའི་འཕེལ་རྒྱས་ཀྱི་གནས་སྟངས་མཚོན་ཐུབ་ཡོད་པ་མ་ཟད་ ད་དུང་ཤེས་ཡོན་དང་རྩོམ་རིག་གི་རིན་ཐང་ཧ་ཅང་ཆེན་པོ་ཡང་མཚོན་ཐུབ་ཡོད་ལུགས་དང་ ད་རེས་ཀྱི་རི་མོའི་འགྲེམས་སྟོན་དེ་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་དང་ རིག་གཞུང་སོགས་བོད་ཀྱི་གནས་སྟངས་ཤེས་འདོད་ཡོད་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག ད་རེས་རྒྱ་ནག་གཞུང་གིས་རྒྱལ་ས་པེ་ཅིན་དུ་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ནས་ལོ་ངོ་དྲུག་བཅུ་དང་འབྲེལ་བའི་རི་མོའི་སྐོར་གྱི་འགྲེམས་སྟོན་དེ་བཞིན་ རྒྱ་ནག་གི་བོད་ཀྱི་རིག་གཞུང་འཕེལ་རྒྱས་ལྷན་ཁང་དང་ དེ་བཞིན་རྒྱ་ནག་རིག་རྩལ་ལས་ཁང་སོགས་ཟུང་འབྲེལ་ཐོག་ནས་སྤེལ་བ་ཞིག་ཡིན་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།