འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་བོད་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་ནས་དོ་ཁུར་བྱེད་རྒྱུ་ཡིན་པ་བརྗོད་འདུག

2022.11.07
Share on WhatsApp
Share on WhatsApp
འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་བོད་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་ནས་དོ་ཁུར་བྱེད་རྒྱུ་ཡིན་པ་བརྗོད་འདུག འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་ཚོའི་ལྷན་ཚོགས་སྐབས། ༡༡།༠༤།༢༠༢༢
REUTERS

འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་བོད་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་ནས་དོ་ཁུར་བྱེད་རྒྱུ་དང་། པེ་ཅིང་གཞུང་གིས་ཞི་བདེ་ཐབས་ལམ་ལ་བརྟེན་ནས་ཐེ་ཝན་མཚོ་འགག་གི་གནད་དོན་ཐག་གཅོག་བྱེད་དགོས་ཞེས་འབོད་སྐུལ་ཞུས་འདུག
ཡོ་རོབ་ཇར་མན་ནི་(Germany)་རྒྱལ་ཁབ་ཀྱི་(Muenster)་རུ་ཉིན་གཉིས་རིང་ཚོགས་པའི་(G7)་སྟེ་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་ཚོའི་ལྷན་ཚོགས་དེ་ཟླ་༡༡པའི་ཚེས་༤ཉིན་མཇུག་བསྒྲིལ་ཡོད་པ་དང་། མཇུག་སྒྲིལ་ཚོགས་འདུའི་སྟེང་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་སུ། ང་ཚོས་མུ་མཐུད་དུ་ཤར་ཏུར་ཀིསུ་ཐན་དང་བོད་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་ཁུར་བྱེད་རྒྱུ་དང་། དེ་མིན་ཐེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་བརླིང་གི་གལ་ཆེའི་རང་བཞིན་ནན་གྱིས་གླེང་ནས་ཁོང་ཚོས་མུ་མཐུད་ནས་རྒྱ་ནག་དང་མཉམ་ལས་བྱེད་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག
ད་དུང་མཉམ་འབྲེལ་གསལ་བསྒྲགས་དེའི་ནང་། ཁེ་ཎ་ཌ་དང་ཧྥ་རན་སི། ཇར་མན་ནི། ཨེ་ཊ་ལི། ཉི་ཧོང་། དབྱིན་ཇི། ཨ་རི་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་ཚོས་པེ་ཅིང་གཞུང་གིས་ཞི་བདེ་ཐབས་ལམ་ལ་བརྟེན་ནས་ཐེ་ཝན་མཚོ་འགག་གི་གནད་དོན་ཐག་གཅོག་བྱེད་དགོས་ཞེས་འབོད་སྐུལ་ཞུས་འདུག་པ་མ་ཟད། རྒྱལ་ཁབ་བདུན་གྱིས་ཐེ་ཝན་ཐད་ཀྱི་གཞི་རྩའི་ལངས་ཕྱོགས་ལ་འགྱུར་བ་མེད་ཅེས་གསལ་སྟོན་གནང་འདུག
ཡང་གསལ་བསྒྲགས་ནང་རྒྱ་ནག་པེ་ཅིང་གཞུང་ལ་གསལ་བརྡ་གཏོང་དགོས་པ་ཞིག་ལ། རྒྱ་ནག་གིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ཡིག་ཆའི་ཁྲོད་ཀྱི་ཞི་བདེའི་ཐབས་ལམ་ལ་བརྟེན་ནས་གནད་དོན་རིགས་ཐག་གཅོད་བྱེད་དགོས་ཞེས་པའི་རྩ་དོན་དམ་སྲུང་བྱས་ཏེ། འཇིགས་སྐུལ་དང་དྲག་ཤུགས་བཀོལ་རྒྱུ་སོགས་གཡོལ་དགོས་ཞེས་བཀོད་འདུག
རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་ཚོའི་ལྷན་ཚོགས་མ་ཚོགས་གོང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་བོད་དོན་ལ་ཐུགས་ཁུར་གནང་དགོས་ཞེས་ཆེད་དུ་ཡིག་གེ་བཏང་ནས་འབོད་སྐུལ་ཞུས་ཡོད་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོར་ཡང་བསྐྱར་ངོ་རྒོལ་ལས་འགུལ་སྤེལ་ན་འཛིན་བཟུང་བྱེད་རྒྱུའི་ཉེན་བརྡ་བཏང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎