རྒྱ་གར་དང་རྒྱ་ནག་གཉིས་བལ་ཡུལ་དང་འབྲེལ་ནས་དཔྱད་པ།


2016.10.13
བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཛིན་བཟུང་བྱེད་བཞིན་པ། ༢༠༠༨།༨།༡༤ བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཛིན་བཟུང་བྱེད་བཞིན་པ། ༢༠༠༨།༨།༡༤
ཀླུ་འབུམ

བོད་ནང་གཞི་རྩའི་འགྲིམ་འགྲུལ་གྱི་རྨང་གཞིར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དེས་བལ་ཡུལ་ཐོག་ཤུགས་རྐྱེན་སྤྲོད་རྒྱུའི་ཆ་རྐྱེན་རྒྱ་གར་ལས་རྒྱ་ནག་ལ་བཟང་བ་ཡོད་སྐོར་དཔྱད་པ་བྱས་འདུག
དེ་ཡང་རྒྱ་ནག་ནང་གི་Renmin་གཙུག་ལག་སློབ་གྲྭ་ཆེན་མོའི་Chongyang་ནོར་སྲིད་དཔལ་འབྱོར་ཞིབ་འཇུག་སློབ་གཉེར་ཁང་གི་མཁས་པ་Ding Gang་གིས་Global Times གསར་ཤོག་ཐོག་སྤེལ་བའི་དཔྱད་གཏམ་ནང་། རྒྱ་གར་ནང་འབྱུང་འགྱུར་གྱི་ལོ་ཤས་རིང་དཔལ་འབྱོར་གོང་འཕེལ་གྱི་ཚད་གཞི་མྱུར་དུ་འགྲོ་རྒྱུ་ཡིན་པ་དེས། བོད་རང་སྐྱོང་ལྗོངས་ཁུལ་རྒྱ་ནག་གིས་འགྲིམ་འགྲུལ་གཞུང་ལམ་དང་། མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཚད་གཞི་མཐོ་པོ་ཡོད་བཞིན་པའི་ཐོག་གནོན་ཤུགས་ཆེན་པོ་ཐེབས་སྲིད་པ་དང་། རྒྱ་གར་དང་རྒྱ་ནག་གཉིས་ཀས་བལ་ཡུལ་ནང་ཤུགས་རྐྱེན་སྤྲོད་ཐབས་ཀྱི་འགྲན་བསྡུར་བྱེད་བཞིན་ཡོད་ནའང་བོད་ནང་གཞི་རྩའི་འགྲིམ་འགྲུལ་གྱི་རྨང་གཞིར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དེས་བལ་ཡུལ་ཐོག་ཤུགས་རྐྱེན་སྤྲོད་རྒྱུའི་ཆ་རྐྱེན་རྒྱ་གར་ལས་རྒྱ་ནག་ལ་བཟང་བ་ཡོད་སྐོར་ཡང་དཔྱད་གཏམ་ཞིག་སྤེལ་འདུག།
Ding Gang་གིས་བརྗོད་དོན། འབྱུང་འགྱུར་གྱི་ལོ་ངོ་བཅུ་ཁྲག་གཅིག་དེའི་ནང་གལ་ཏེ་རྒྱ་གར་གྱིས་གཞུང་ལམ་འཛུག་སྐྲུན་དང་ཐོན་སྐྱེད་གོང་འཕེལ་གྱི་མྱུར་ཚད་མཐོ་རུ་ཕྱིན་པ་ཡིན་ན། ཕྱོགས་ཡོངས་ནས་རྒྱ་ནག་ཐོག་གནོན་ཤུགས་ཐེབས་རྒྱུ་ཡིན་པ་མ་ཚད། ལྷག་པར་དུ་བོད་ཐོག་ལྗིད་ཤུགས་ཆེ་བ་ཡོང་རྒྱུ་ཡིན་སྟབས། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཞིང་ཆེན་དང་། གྲོང་ཁྱེར་ཁག་དང་མཉམ་འབྲེལ་དམ་ཟབ་གཏོང་བ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་སྲིད་བྱུས་རྒྱབ་སྐྱོར་འོག་རྒྱ་གར་ལ་འགྲན་བསྡུར་བྱ་རྒྱུ་དེ་ཐབས་ལམ་བཟང་ཤོས་ཡིན་སྐོར་གནས་ཚུལ་བཀོད་འདུག།
དེ་བཞིན་གོང་ཞུས་གསར་ཤོག་དེའི་ནང་། སྟབས་ལེགས་པ་ཞིག་ལ་རྒྱ་ནག་དབུས་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ཐད་ད་ཕན་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་པར་བརྟེན། རྒྱ་ཆེའི་རྨང་གཞིའི་གཞུང་ལམ་འཛུགས་སྐྲུན་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཐད་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་ཞིང་ཆེན་ཁག་མཉམ་གང་ཅིའི་འབྲེལ་བ་བྱ་རྒྱུར་རྒྱ་གར་ལས་བོད་ལ་ཆ་རྐྱེན་བཟང་བ་ཡོད་སྐོར་རྒྱ་རིགས་མཁས་པ་Ding་གིས་བརྗོད་འདུག།
བལ་ཡུལ་ནང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཐད་རྒྱ་གར་དང་རྒྱ་ནག་གཉིས་དབར་འགྲན་བསྡུར་ཆེ་རུ་འགྲོ་གི་ཡོད་པའི་སྐོར་ལའང་Ding་གིས་དཔྱད་པ་བྱས་ཡོད་ཅིང་། བལ་ཡུལ་གྱི་སྲིད་བློན་Prachanda་ཉེ་དུས་རྒྱ་གར་ལ་གཞུང་དོན་འཚམས་གཟིགས་ལ་ཕེབས་པའི་སྐབས་སུ་Mechi་དང་Mahakali་ས་གནས་གཉིས་དབར་མེ་འཁོར་ལྕགས་ལམ་གསར་བཟོ་ཐད་རྒྱ་གར་གྱིས་རོགས་རམ་གནང་ཕྱོགས་སྐོར་གྲོས་མོལ་བྱུང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། མིག་སྔར་རྒྱ་ནག་གིས་ལྷ་ས་ནས་ཞི་ཀ་རྩེ་དབར་གྱི་མེ་འཁོར་ལྕགས་ལམ་དེ་༢༠༢༠་མཚམས་སུ་བལ་བོད་གཉིས་དབར་གྱི་ས་མཚམས་འཁེལ་ས་སྐྱིད་གྲོང་བར་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་གསལ་བཏོན་བྱས་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎