ཉི་ཧོང་ནང་རྒྱ་ནག་གཞུང་ལ་བྱ་ར་བྱེད་མཁན་གྱི་ཇུས་སྟོན་ཚོགས་ཆུང་ཞིག་གསར་འཛུགས་གནང་འདུག

2022.12.06
ཉི་ཧོང་ནང་རྒྱ་ནག་གཞུང་ལ་བྱ་ར་བྱེད་མཁན་གྱི་ཇུས་སྟོན་ཚོགས་ཆུང་ཞིག་གསར་འཛུགས་གནང་འདུག ཉི་ཧོང་ནང་རྒྱ་ནག་གཞུང་ལ་བྱ་ར་བྱེད་མཁན་གྱི་ཇུས་སྟོན་ཚོགས་ཆུང་ཞིག་གསར་འཛུགས་སྐབས། ༡༢།༠༥།༢༠༢༢
CTA

ཉི་ཧོང་ནང་ཕྱོགས་གཉིས་ཀའི་ཆབ་སྲིད་ཚོགས་པ་ཁག་མཉམ་རུབ་ཀྱིས། ཉི་ཧོང་གྲོས་ཚོགས་སུ་བོད་དང་ཤིན་ཅང་། ལྷོ་སོག་པོ་སོགས་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཚོ་ཉི་ཧོང་གྲོས་ཚོགས་ཁང་དུ་འཛོམས་ཏེ། སྤྱི་ཟླ་༡༢པའི་ཚེས་༥ཉིན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བྱ་ར་བྱེད་མཁན་གྱི་གྲོས་ཚོགས་འཐུས་མིའི་ཇུས་སྟོན་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པ་མ་ཟད། ཉི་ཧོང་གི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་སྟེ། གྲོས་ཆོད་ནང་ཤར་ཏུར་ཀི་སི་ཐན་དང་བོད། ལྷོ་སོག་པོ་དང་ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་ཚབས་ཆེན་པོ་ཡོད་པ་བསྟན་ཡོད། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཉི་ཧོང་སྐད་དུ་བསྒྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཚོགས་པའི་དམིགས་ཡུལ་བགོ་འགྲེམས་གནང་བ་དང་སྦྲགས་གྲོས་ཚོགས་འཐུས་མི་རྣམས་དེར་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུས་བ་དང་། ཉི་ཧོང་གཞུང་གིས་རྒྱ་ནག་ལ་དམིགས་པའི་ལངས་ཕྱོགས་དང་སྲིད་བྱུས་གསལ་པོ་གཏན་འབེབས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག

2022-December-TG-Arya2.jpg
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཉི་ཧོང་གྲོས་ཚོགས་སུ་བོད་དང་འབྲེལ་བའི་གྲོས་ཆོད་བཞག་པ་སོགས་ཀྱིས། ཉི་ཧོང་ནང་བོད་དོན་ལ་སེམས་ཚབས་ཡོད་པ་སྟོན་གྱི་ཡོད། ཡིན་ན་ཡང་། རྒྱ་ནག་ལ་འགྱུར་བ་འགྲོ་དགོས་ན་ཕྱི་ནང་ཟུང་འབྲེལ་གྱི་སྟོབས་ཤུགས་དགོས་པར་བརྟེན། ཉི་ཧོང་སོགས་ཀྱིས་བོད་མི་ཚོ་ཡང་མཐུན་གྲོགས་ཀྱི་ངོ་བོའི་ཐོག་ནས་ཕྱི་ནང་ཟུང་འབྲེལ་གྱི་ལས་ཀ་བྱས་པ་ཡིན་ན། ནུས་པ་གཞན་དང་མི་འདྲ་བ་ཞིག་འཐོན་གྱི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཉི་ཧོང་གི་(FREE TIBET FUKUOKA)་བོད་རང་དབང་ཚོགས་པའི་ཚོགས་གཙོ་(Yoko Ishii)་ལགས་ནས་ཀྱང་། ཉི་ཧོང་ནི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་མང་ཤོས་དེ་ཡིན་པ་དང་། ནང་ཁུལ་གྱི་སྲིད་དོན་དཀའ་ངལ་ཆེན་པོ་ཡོད་མིན་ལ་མ་བལྟོས་པར། འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་ཆོད་ཅིག་ལོ་འདིར་གྲོས་ཚོགས་གོང་འོག་གཉིས་གའི་ནང་གཏན་འབེབས་གནང་ཐུབ་པ་དེ། བོད་དོན་རྒྱབ་སྐྱོར་གྱི་འགོ་བཙུགས་པ་དང་གཞི་རྩ་འཛིན་ས་ཡག་པོ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

2022-December-Dolkun-Isa-scaled.jpg
ཉི་ཧོང་གྲོས་ཚོགས་འཐུས་མིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལྟ་ཞིབ་ཀྱི་ཇུས་སྟོན་ཚོགས་ཆུང་དེའི་ཚོགས་གཙོར། ཉི་ཧོང་གི་མང་གཙོ་གུ་ཡངས་ཚོགས་པའི་(Keiji Furuya)་ལགས་བསྐོས་ཡོད་པ་དང་། ཚོགས་ཆུང་དེ་འཛུགས་སྐབས་ཀྱི་ལྷན་ཚོགས་སར་དམིགས་བསལ་གཏམ་བཤད་གནང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་དང་། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱི་(Dolkun Isa)་ལགས། ལྷོ་སོག་པོའི་མཐུན་ཚོགས་ཀྱི་(Daichin Olhunud)་ལགས་སོགས་ཆེད་བཅར་གྱིས་གཏམ་བཤད་གནང་ཡོད་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎