དབུ་མའི་ལམ་དེ་ལག་བསྟར་བྱེད་ཐུབ་པའི་ཐབས་ལམ་ཞིག་ཡིན་པའི་སྙན་ཐོ།


2018.10.25
དབུ་མའི་ལམ་དེ་ལག་བསྟར་བྱེད་ཐུབ་པའི་ཐབས་ལམ་ཞིག་ཡིན་པའི་སྙན་ཐོ། 2018/10 དབུ་མའི་ལམ་དེ་ལག་བསྟར་བྱེད་ཐུབ་པའི་ཐབས་ལམ་ཞིག་ཡིན་པའི་སྙན་ཐོ། 2018/10
tibet.net

བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ན་ཡང་དབུ་མའི་ལམ་དེ་ལག་བསྟར་བྱེད་ཐུབ་པའི་ཐབས་ལམ་ཞིག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་སྙན་ཐོ་ཞིག་འདོན་འཆར་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དང་ཕྱི་འབྲེལ་ལས་ཁུངས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། ཡིན་ན་ཡང་དབུ་མའི་ལམ་དེ་ལག་བསྟར་བྱེད་ཐུབ་པའི་ཐབས་ལམ་ཞིག་ཡིན་ཞེས་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་གསུམ་གྱི་ཐོག་ལ་སྙན་ཐོ་ཞིག་བཏོན་ཡོད་པ་དེ་རིང་མིན་སྤྱི་ཟླ་༡༠པའི་ཚེས་༢༩སྟེ་གཟའ་འཁོར་རྗེས་མའི་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་(India International Center)རམ་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་ཞེས་པའི་ནང་མཁས་དབང་(Anand Kumar)ལགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་བཅས་ནས་འགྲེམས་སྤེལ་དབུ་འབྱེད་གནང་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབྲེལ་མཐུད་དྲུང་ཆེ་དང་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ཐོག་བསམ་ཚུལ་ཁ་བསྒྱུར་ནས་གཡོལ་ཐབས་ག་ཚོད་ཙམ་བྱས་ཀྱང་བོད་མི་དང་བོད་དོན་རྒྱབ་སྐྱོར་
བ་ཚོས་བོད་ནང་དུ་བྱུང་དང་བྱུང་བཞིན་པའི་བདེན་པའི་གནས་ལུགས་རྣམས་མུ་མཐུད་དེ་གསལ་བཤད་ཀྱིས་པར་འགྲེམས་དང་གོ་རྟོགས་འཕེལ་རྒྱས་བཏང་ནས་བོད་མིའི་ཐོབ་ཐང་མུ་མཐུད་དེ་རྩོད་ལེན་གནང་རྒྱུ་ཡིན་པ་དང་། ད་རེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་སྙན་ཐོ་དེ་ཡང་དེའི་ཆ་ཤས་ཤིག་ཡིན་པའི་འགྲེལ་བརྗོད་གནང་འདུག
ཡང་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་སྙན་ཐོ་དེའི་ནང་དོན་སྐོར་འགྲེལ་བཤད་གནང་སྐབས་སྙན་ཐོ་དེའི་ནང་ལེ་ཚན་ཁག་༩ཡོད་པའི་ནང་བོད་ནང་བོད་མིས་རང་ལུས་མེར་བསྲེགས་དང་། འགྲོ་བ་མིའི་ཐོབ་ཐང། རིག་གཞུང་རྩ་མེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང༌། ཁོར་ཡུག གྲོང་ཁྱེར་འཛུགས་བསྐྲུན། དཔལ་འབྱོར་འཕེལ་རྒྱས། ༧གོང་ས་མཆོག་གི་སྐུའི་ཡང་སྲིད། དབུ་མའི་ལམ་གྱི་སྲིད་བྱུས་བཅས་བོད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་གཙོ་བོ་རྣམས་འཁོད་ཡོད་པའི་འགྲེལ་བརྗོད་གནང་འདུག
སྙན་ཐོ་དེ་དབུ་འབྱེད་གནང་ཟིན་པའི་རྗེས་སུ་བོད་དེ་རྒྱ་གར་དང་རྒྱ་ནག་གཉིས་ཀར་གནད་དོན་གལ་གནད་ཆེ་བ་ཞིག་ག་རེ་བྱས་ནས་ཡིན་པའི་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་(Sondhi)དྲན་རྟེན་སློབ་གཉེར་ཁང་གི་འབུམ་རམ་པ་(Sondhi)ལགས་དང་(Jawaharlal Nehru)གཙུག་ལག་སློབ་གྲྭའི་གོ་རིམ་འོག་མའི་སློབ་དཔོན་འབུམ་རམ་པ་ཡེ་ཤེས་ཆོས་སྒྲོན་ལགས། (Dr.Siddiq Wahid)ལགས་བཅས་བགྲོ་གླེང་གནང་བའི་ཐོག་མཁས་དབང་དང་ཆེད་ལས་པ་སློབ་གཉེར་བ་དང་། གཞུང་གི་མི་སྣ་དང་གསར་འགོད་པ་སོགས་ཀྱིས་མཉམ་ཞུགས་གནང་རྒྱུ་ཡིན་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎