ད་བར་འགག་པའི་བལ་བོད་ས་མཚམས་འགྲམ་འགག་སྒོ་ཕྱེ་འདུག

2019-05-29
གློག་འཕྲིན།
མཆན།
Share
པར་བཀོད།
བལ་བོད་ས་མཚམས་འགྲམ་འགག་སྒོ 2019/5/29
བལ་བོད་ས་མཚམས་འགྲམ་འགག་སྒོ 2019/5/29
མཐུན་འགྱུར་པར་རིས།

ས་ཡོམ་གྱི་རྐྱེན་པས་ད་བར་འགག་པའི་བོད་དང་བལ་ཡུལ་ས་འཚམས་འགྲམ་གྱི་འགག་སྒོ་བསྐྱར་དུ་སྒོ་འབྱེད་བྱས་འདུག
དེ་ཡང་ཕྱི་ཚེས་༢༩་ཉིན། དེ་སྔ་ས་ཡོམ་གྱི་རྐྱེན་པས་ད་བར་འགག་པའི་བོད་དང་བལ་ཡུལ་གྱི་ས་འཚམས་འགྲམ་གྲོང་བརྡལ་གྱི་འགག་སྒོ་ཕྱེ་དེ་སྒོ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། དེ་སྔ་༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན། ས་ཡོམ་གྱི་གོད་ཆགས་འོག་ས་མཚམས་ཕྱོགས་གཉིས་ཀྱི་འགག་སྒོ་དང་ལམ་ཆེན་ལ་གནོད་སྐྱོན་ཆེན་པོ་ཐེབས་ཤིང་། འདས་པའི་ལོ་ཤས་རིང་འཛུགས་བསྐྲུན་སླར་གསོའི་ལས་གཞི་ཁག་མཇུག་བསྒྲིལ་ནས་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་འགྲམ་འགག་སྒོ་དེ་སླར་ཡང་སྒོ་ཕྱེ་ཡོད་པ་རེད།
འགྲམ་འགག་སྒོ་ནི་ལོ་རབས་བརྒྱད་བཅུ་ནས་གཉིས་སྟོང་ཡས་མས་བར་བོད་ཕྱི་ནང་གི་བོད་མི་གཉེན་འཕྲད་དུ་འགྲོ་མཁན་ཚོར་གནད་འགག་ཅན་གྱི་ས་གནས་ཤིག་ཆགས་ཡོད་པ་རེད། བོད་མི་མང་པོར་བལ་བོད་འགག་སྒོའི་ཉེན་རྟོག་པ་དང་ལས་བྱེད་པ་ཚོས་དངོས་ཟོག་འཕྲོག་བཅོམ་སོགས་ཀྱི་དཀའ་ངལ་མང་དག་ཞིག་སྤྲད་ཡོད་པ་རེད།
ཚོང་པ་ཚོར་ཡང་ས་གནས་འདི་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཡོད་ཅིང་། བོད་ནས་བལ་ཡུལ་དང་རྒྱ་གར་དང་བལ་ཡུལ་ནས་བོད་ནང་ཨ་སྒོར་ས་ཡ་མང་པོའི་ཚོང་ཟོག་གཏོང་ལེན་བྱ་ཡུལ་གྱི་ས་གནས་ཞིག་ཀྱང་ཡིན་པ་རེད།
ཚེས་༢༩་ཉིན་ས་མཚམས་ཀྱི་འགག་སྒོ་ཕྱེ་བ་དེས་འགྲིམ་འགྲུལ་སྟབས་བདེ་རུ་འགྲོ་རྒྱུ་དང་བོད་ནས་བལ་ཡུལ་དུ་ཡོང་མཁན་གྱི་རྒྱ་མིའི་ཡུལ་འཁོར་སྤྲོ་འཆམ་པ་ཡོང་རྒྱུ་མང་དུ་འགྲོ་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
བལ་ཡུལ་གྱི་གནས་ཚུལ་རྒྱུས་མངའ་ཡོད་པ་བལ་ཡུལ་ནང་བཅའ་ཞུགས་འཕེན་པོ་རྒྱལ་མཚན་ལགས་ཀྱིས། འགྲམ་གྱི་དགག་སྒོ་ཕྱེ་བའི་རྗེས་སུ།  བོད་ནས་རྒྱ་མིའི་དངོས་ཟོག་འབྱོར་བ་རྣམས་རིན་གོང་ཆུང་དུ་འགྲོ་རྒྱུ་དང་།  དེའི་རྐྱེན་གྱིས་རྒྱ་གར་དང་བལ་ཡུལ་དབར་གྱི་ཚོང་འབྲེལ་ལ་དོ་ཕོག་ཅུང་ཟད་འགྲོ་སྲིད་པའི་ཚོད་དཔག་གནང་གི་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།