རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།

2016-07-26
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ། ༢༠༡༦།༧།༢༣
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ། ༢༠༡༦།༧།༢༣
tibet.net

རྒྱ་གར་ལྷོ་ཕྱོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དང་འབྲེལ་བོད་མི་དང་རྒྱ་གར་ཡུལ་མིའི་དབར་སྔར་ལས་འབྲེལ་བ་བཟང་དུ་གཏོང་རྒྱུ་ཡིན་པ་རེད།
དེ་ཡང་སྤྱི་ལོ་༢༠༡༦་ཕྱི་ཟླ་༧་ཚེས་༢༢་ཉིན། རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་R.K.Khrimey་ཡིས་ཟླ་འདིའི་ཕྱི་ཚེས་༢༣་དང་༢༤་བཅས་ཉིན་གྲངས་གཉིས་རིང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བྱང་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་ཧུབ་ལིར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྐོང་ཚོགས་གནང་བ་དང་། ལྷན་ཚོགས་གོ་བསྒྲིགས་གནང་དགོས་པའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་སྐབས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་རེད།  
དེ་ཡང་སྐུ་ཞབས་ཁེ་རེ་མེ་གིས་གསར་འགོད་གསལ་བསྒྲགས་སྐབས། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་དོན་གོ་རྟོགས་དང་ལས་འགུལ་རྒྱ་ཆེ་རུ་སྤེལ་ཐབས་དང་། བོད་མི་དང་རྒྱ་གར་ཡུལ་མིའི་དབར་མཐུན་འབྲེལ་སྔར་བས་བཟང་དུ་གཏོང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་པར་རིགས་འགྲེམས་སྟོན་དང་། དེ་བཞིན་ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སོགས་ཀྱི་དཔེ་དེབ་ཁག་ཅིག་ཉིན་གཉིས་ཀྱི་ལྷན་ཚོགས་སྐབས་རིན་མེད་བགོ་འགྲེམས་ཞུས་ཡོད་སྐོར་གསལ་བཤད་གནང་འདུག   
ཐེངས་འདིའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ནང་ཀར་ན་ཊ་ཀ་དང་། ཀེ་ར་ལ། ཨན་དྷ་ར། གྷོ་ཝ། ཏ་མིལ་ན་ཊུ་བཅས་མངའ་སྡེ་ཁག་ལྔ་ནས་ཚོགས་མི་དྲུག་ཅུ་ཙམ་མཉམ་ཞུགས་གནང་ཡོད་པ་རེད། ད་རེས་ཀྱི་གསར་འགོད་གསལ་བསྒྲགས་གོ་བསྒྲིགས་གནང་མཁན་ནི་ཀར་ན་ཊ་ཀ་མངའ་སྡེའི་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་། འཕགས་བོད་འབྲེལ་མཐུད་ལས་ཁུངས། མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་བཅས་ཡིན་པ་རེད།
སྐབས་དེར་ལྷོ་ཤར་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་Shri Amruth Joshi་དང་། སྐུ་ཞབས་Shri J.P.Ursགཞན་ཡང་ལྷོ་ནུབ་འབྲེལ་མཐུད་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་བཅས་གསར་འགོད་གསལ་བསྒྲགས་སྐབས་མཉམ་ཞུགས་གནང་ཡོད་པ་རེད།   

གསར་འགོད་པ་དབྱངས་སྒྲོལ།

མཆན། (0)
Share
དྲ་གནས་ཆ་ཚང༌།