སྦེལ་ཇམ་རྒྱལ་སྲས་མཆོག་ལ་བོད་དོན་གླེང་དགོས་པའི་རེ་འབོད།

སྦེལ་ཇམ་གྱི་རྒྱལ་སྲས་མཆོག་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་སྐབས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

2011.10.27

༄༅༎སྦེལ་ཇམ་གྱི་རྒྱལ་སྲས་མཆོག་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་སྐབས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
དེ་ཡང་བྷེལ་འཇམ་ནང་གི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་སྐུ་ཞབས་དྲེ་ནི་སི་ སྦར་སྦོན་དང་། ཨེལ་སེ་ཀི་སེ་སྦལ་གཉིས་ནས་སྦེལ་ཇམ་གྱི་རྒྱལ་སྲས་ཕི་ལིཔ་སི་མཆོག་ཁ་ས་ཚེས་ཉི་ཤུ་དྲུག་ཉིན་རྒྱ་ནག་ལ་ཚོང་དོན་ཆེད་ཕེབས་པའི་དུས་ཚོད་དང་སྟབས་བསྟུན་ནས་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ཕུལ་ཡོད་འདུག ཞུ་སྙན་དེའི་ནང་། དེ་སྔ་ཕྱི་ལོ་ ༡༩༥༠ ཐམ་པ་ནས་བཟུང་རྒྱ་ནག་གཞུང་ནས་བོད་ནང་སྡུག་སྦྱོང་ཇི་ལྟར་བཏང་མིན་དང་། དམིགས་བསལ་ད་ལྟའི་དུས་ཚོད་འདིར་ཡང་བོད་ནང་ཆོས་དང་། སྨྲ་བརྗོད་རང་དབང་མེད་པ། འགྲོ་བ་མིའི་ཐོབ་ཐང་མེད་པའི་ཁར་བོད་མི་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། མཐའ་ན་བོད་པའི་སྐད་ཡིག་ཚུན་ཆད་ཀྱང་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་འཛིན་གྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད། ལྷག་པར་དུ་ཉེ་བའི་དུས་ཚོད་ཐུང་ཐུང་ཞིག་ནང་། བོད་མི་བཅུ་ཙམ་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་འ་ཆད་འུ་ཐུག་གི་གནས་སྟངས་འོག་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཡོང་གི་ཡོད་པ་སོགས་ཞུས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎