བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་འཕོ་འགྱུར་བཏང་བ།

2016-08-29
གློག་འཕྲིན།
མཆན།
Share
པར་བཀོད།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གསར་བ་ཝུའུ་དབྱིང་ཇེ།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གསར་བ་ཝུའུ་དབྱིང་ཇེ།
caixin.com

ཞེ་ཅིན་ཕེན་གྱིས་མཐུན་ཕྱོགས་མི་སྣ་ཚོ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་སུ་བསྐོ་བཞག་བྱས་ནས་དབང་ཆ་སྲ་བརྟན་བཟོ་བཞིན་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཁྲེན་ཆོན་ཀུའོ་ཞིན་ཅིང་རང་སྐྱོང་ཁུལ་གྱི་འགོ་འཁྲིད་དང་བོད་ནང་ལོ་ངོ་བཞི་བཅུ་ཙམ་ལས་ཀ་བྱེད་མྱོང་ཡོད་པའི་ཝུའུ་ཡུན་ཇེ་ཟེར་བ་ཞིག་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་འདུག།
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་དྲ་རྒྱའི་ཐོག་ཕྱི་ཚེས་༢༨་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་སོགས་གལ་ཆེ་བའི་འགོ་ཁྲིད་ཀྱི་གོ་གནས་ལ་བསྒྱུར་བཅོས་བྱས་པ་དང་། ཝུའུ་དབྱིང་ཅེ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ལ་བསྐོས་ཡོད་པ་དང་། ཁྲེན་ཆོན་གོ་Chen Quanguo་ཡིས་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་དང་། རྒྱུན་ལས། འཐུས་མི་བཅས་ཀྱི་གོ་གནས་འཛིན་གྱི་མ་རེད་ཅེས་བཀོད་འདུག  
གནས་ཚུལ་ནང་། ཝུའུ་དབྱིང་ཅེ་ནི་༡༩༥༩་ལོའི་ཟླ་བ་༡༢་པར་རྒྱ་ནག་ཧྲན་ཏུང་ནང་སྐྱེས་པ་དང་། ༡༩༨༧་ལོའི་ཟླ་བ་༥་བར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས། དེ་སྔ་བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཁང་གི་འགན་འཛིན་གཞོན་པ་དང་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན། དེ་ནས་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ། ༢༠༡༣་ལོར་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་སོགས་བྱས་མྱོང་བ་དང་། ད་རེས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་པ་ཞིག་ཡིན་པ་རེད།  
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲེན་ཆོན་གོ་Chen Quanguo་ཤིན་ཅིང་གི་དམར་ཕྱོགས་དྲུང་ཆེ་ལ་གནས་སྤོར་བྱ་རྒྱུ་ཡིན་པ་རེད་འདུག།
གནད་དོན་དབྱེ་ཞིབ་པས་ལོ་རྗེས་མའི་སྟོན་ཁར་འཚོགས་རྒྱུའི་རྒྱ་ནག་གུང་ཁྲན་འཐུས་མི་ཚོགས་ཆེན་གྱི་སྔ་ནུབ་ཏུ་ཞེ་ཅིན་ཕིན་གྱིས་བོད་རང་སྐྱོང་ལྗོངས་དང་། ཤིན་ཅིང་། དེ་མིན་ཡུན་ནན་ཞིང་ཆེན་བཅས་ལྗོངས་ཁག་གཉིས་དང་ཞིང་ཆེན་འདིའི་དམག་ཤོག་ཚོགས་པའི་དྲུང་ཆེ་གཙོ་བོར་འཕོ་འགྱུར་བཏང་བ་དང་། མཉམ་དུ་རང་དང་འབྲེལ་ལམ་ཉེ་བོ་ཡོད་པ་ཚོར་གལ་གནད་ཆེ་བའི་ལས་གནས་འདི་དག་བསྐོ་བཞག་བྱས་ཏེ་རང་ཉིད་ཀྱི་དབང་ཆ་སྲ་བརྟན་བཟོ་གི་ཡོད་པར་འགྲེལ་བརྗོད་བྱེད་བཞིན་པ་རེད།     
དུས་སང་སྟོན་དུས་སུ་བསྐོང་འཚོགས་གནང་འཆར་ཡོད་པའི་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་ཐོག རྒྱ་ནག་གི་སྲིད་འཛིན་Xi Jinping་ཡིས་ཁོ་པའི་དབང་ཆ་ས་བརྟན་ཡོང་རྒྱུའི་ཆེད་མི་སྣ་༢༥་ལས་གྲུབ་པའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ནང་སོ་སོའི་མཐུན་ཕྱོགས་མི་སྣ་བསྐོ་འཛུགས་བྱེད་རྒྱུ་ཡིན་པ་མ་ཟད། ལོ་གསར་བ་ནས་འགོ་བཙུགས་ཀྱིས་སྲིད་འཛིན་Xi Jinping་ཡིས་རྒྱ་ནག་གི་མངའ་སྡེ་ཁག་གི་དཔོན་རིགས་དང་། གཞུང་འབྲེལ་གྱི་དཔོན་རིགས་གསར་པ་མང་པོ་ཞིག་བསྐོ་བཞག་གནང་རྒྱུ་ཡིན་པ་རེད་ཅེས་གནས་ཚུལ་ནང་བཀོད་འདུག
རྒྱ་ནག་གི་གསར་འགྱུར་ནང་། སྲིད་འཛིན་Xi Jinping་ཡིས་རྒྱ་ནག་ལྷོ་ནུབ་Yunnan་ཞིང་ཆེན་གྱི་ད་ལྟའི་ས་གནས་གུང་ཁྲན་ཚོགས་པའི་འགོ་ཁྲིད་Li Jihengཡི་ཚབ་ཏུ་Chen Hao་ཞེས་པ་ཞིག་བསྐོ་བཞག་གནང་ཡོད་པ་དང་། དེ་ནས་རྒྱ་ནག་ལྷོ་ཕྱོགས་Hunan་ཞིང་ཆེན་གྱི་ས་གནས་གུང་ཁྲན་ཚོགས་པའི་འགོ་ཁྲིད་དུ་Du Jiahao་ཞེས་པ་ཞིག་བསྐོ་བཞག་གནང་ཡོད་པ་རེད།
ས་གནས་གུང་ཁྲན་ཚོགས་པའི་འགོ་ཁྲིད་དེ་གྲོང་ཁྱེར་སྤྱི་ཁྱབ་པའི་དབང་ཚད་ལས་མཐོ་བ་ཡོད་པ་རེད།  གོང་ཞུས་Chen་དང་Du་ཟེར་བ་མི་སྣ་དེ་གཉིས་ཀར་དེ་སྔ་ཕྱི་ལོ་༢༠༠༧་ལོར་Xi Jinping་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་གཞུང་འབྲེལ་ལས་དོན་གནང་བཞིན་པའི་སྐབས་ཀྱི་ལས་རོགས་ཡིན་པ་རེད།     

གསར་འགོད་པ་ཀརྨ་རྡོ་རྗེ་དང་དབྱངས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།