བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཅིག་པ།

2019-05-15
གློག་འཕྲིན།
མཆན།
Share
པར་བཀོད།
བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཅིག་པའི་ཚོགས་ར། ༢༠༡༩།༥།༡༥
བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཅིག་པའི་ཚོགས་ར། ༢༠༡༩།༥།༡༥
tibet.net

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཅིག་པ་རྡ་རམ་ས་ལར་ཚོགས་བཞིན་པ་རེད།
ཐེངས་འདིའི་ཚོགས་འདུའི་ཐོག་གཙོ་བོ་རྒྱ་ནག་དང་ཡོ་རོབ་ཀྱི་འབྲེལ་ལམ་དང་། དེ་བཞིན་རྒྱ་ནག་དང་ཨ་མི་རི་ཀ་སོགས་ཀྱི་འབྲེལ་ལམ་ཐད་ཞིབ་དཔྱོད་གོ་བསྡུར་ཐོག་བོད་རྒྱ་འབྲེལ་མོལ་སླར་གསོ་འབྱུང་ཐབས་དང་འབྲེལ་མོལ་སླར་གསོའི་རེ་བ་ཇི་ཡོད་སོགས་ཀྱི་གནད་དོན་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསལ་བཤད་གནང་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ད་བར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་གསར་བསྐོ་མ་གནང་པར་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེ་བྱུང་ཡོད་ལ། བཀའ་ཤག་ཐོག་སྐྱོན་བརྗོད་དང་འབྲེལ་བའི་དོགས་འདྲི་ཡང་གང་མང་བྱུང་ཡོད་པ་རེད། འོན་ཀྱང་ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འབྲེལ་མོལ་བྱ་རྒྱུར་ངེས་པར་སྐུ་ཚབ་ཟུར་བསྐོ་དགོས་རྒྱུ་མིན་པའི་དགོངས་ཚུལ་ཐོག་སྐུ་ཚབ་ཟུར་བསྐོ་མེད་པའི་ཐོག་ནས་འབྲེལ་མོལ་འབྱུང་ཐབས་ལ་འབད་བརྩོན་གནང་བཞིན་པ་གསུངས་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༠༨ ལོར་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་རྒྱ་ནག་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཕུལ་བ་གཞིར་བཟུང་འབྲེལ་མོལ་སླར་གསོ་གནང་ཐབས་གནང་བཞིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་རེས་ཀྱི་ཚོགས་འདུའི་ཐོག་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས། བུ་ཆུང་ཚེ་རིང་ལགས་མ་གཏོགས་གཞན་ཚོགས་མི་ཚང་མ་ཚོགས་བཅར་ཞུས་གནང་ཡོད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།