བོད་ནང་གྲགས་ཆེ་བའི་བཙན་པོ་དྲ་རྒྱ་སྔོག་བཤེར་མི་ཐུབ་པ་ཆགས་འདུག

2021.04.19
བོད་ནང་གྲགས་ཆེ་བའི་བཙན་པོ་དྲ་རྒྱ་སྔོག་བཤེར་མི་ཐུབ་པ་ཆགས་འདུག དེ་སྡ་དང་ད་ལྟའི་བཙན་པོ་དྲ་ངོས།
དྲ་བཤུས།/RFA

བོད་ནང་གྲགས་ཆེ་བའི་བཙན་པོ་དྲ་རྒྱ་ཟླ་ཤས་གོང་ནས་སྔོག་བཤེར་མི་ཐུབ་པར་གྱུར་འདུག་ལ་དྲ་རྒྱ་དེ་ནི་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་པའི་ཁྲོད་དགའ་མོས་ཤུགས་ཆེན་བྱ་ཡུལ་གྱི་དྲ་རྒྱ་ཞིག་ཡིན་པ་རེད།
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་བར་སྐབས་ནས་དམིགས་བསལ་བོད་ནང་གི་བོད་མི་རྩོམ་པ་པོ་དང་། ཤེས་ལྡན་མི་སྣ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་པ་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་བ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། ད་དུང་བོད་ནང་གི་རྩོམ་པ་པོ་མང་པོས་སྙན་ངག་དང་དཔྱད་རྩོམ་བརྩམས་ཆོས་འདྲ་མིན་འདོན་སྤེལ་བྱེད་ཡུལ་བཙན་པོ་དྲ་རྒྱ་(www.tsanpo.com)ཟླ་ཤས་གོང་ནས་སྔོག་བཤེར་མི་ཐུབ་པར་གྱུར་ཡོད། དེའི་ཐད་བོད་ནང་གི་བོད་མི་ཞིག་གིས་བརྗོད་ན། དྲ་རྒྱ་དེ་དེང་སྐབས་སྔོག་བཤེར་མི་ཐུབ་པ་ནི། རྒྱ་ནག་གཞུང་གིས་སྒོ་རྒྱབ་པ་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག
དེ་སྔ་༢༠༠༩ལོར་བོད་ནང་གི་བོད་ཡིག་གི་དྲ་བ་རྙིང་གྲས་མཆོད་མེ་བོད་ཡིག་གི་དྲ་རྒྱའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་འཇུ་བཟུང་གིས་ལོ་བཅོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ༢༠༡༥ལོའི་ཟླ༨པའི་ཚེས༡༠ཉིན་མཆོད་མེ་བོད་ཡིག་གི་རྩོམ་རིག་དྲ་རྒྱ་དུས་ཡུན་གང་མཚམས་རིང་སྒོ་རྒྱག་དགོས་བྱུང་བ་སོགས། རྒྱ་ནག་གཞུང་གིས་དེ་སྔོན་ཡང་བོད་ནང་བོད་མི་སྒེར་གྱིས་གཉེར་བའི་དྲ་རྒྱ་སྒོ་རྒྱབ་པའི་གནས་ཚུལ་བྱུང་ཡོད་པར་བརྟེན། ད་ལྟ་བཙན་པོ་དྲ་རྒྱ་སྔོག་གཤེར་མི་ཐུབ་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་དྲ་རྒྱ་དེ་སྒོ་རྒྱག་ཏུ་བཅུག་ཡོད་པར་བོད་དོན་དབྱེ་ཞིབ་པ་ཚོས་ཀྱང་དོགས་པ་བྱེད་བཞིན་འདུག
འདས་པའི་ལོ་གཅིག་གི་དུས་ཡུན་ནང་། རྒྱ་ནག་གཞུང་གིས། བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབས་རྒྱ་མཚོ་ལགས་དང་། རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས། རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས། བོད་རུས་པའམ་སྲས་རྣམ་སོགས་མི་དྲུག་འཛིན་བཟུང་བྱས་ཤིང་། ད་ལྟ་ཁོང་རྣམ་གར་ཡོད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎