རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་ཀྱི་བྱིས་པ་ཚོར་སྲུང་སྐྱོབ་དགོས་པ་དབྱིན་ཡུལ་དུ་ལས་འགུལ་སྤེལ་འདུག

2022.11.21
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་ཀྱི་བྱིས་པ་ཚོར་སྲུང་སྐྱོབ་དགོས་པ་དབྱིན་ཡུལ་དུ་ལས་འགུལ་སྤེལ་འདུག རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་ཀྱི་བྱིས་པ་ཚོར་སྲུང་སྐྱོབ་དགོས་པ་དབྱིན་ཡུལ་དུ་ལས་འགུལ་སྤེལ་སྐབས། ༡༡།༢༠།༢༠༢༢
Free Tibet

དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་མིའི་སྤྱི་ཚོགས་ཀྱིས་འཛམ་གླིང་བྱིས་པའི་ཉིན་མོ་སྲུང་བརྩི་དང་མཉམ་རྒྱ་ནག་གཞུང་གི་བཙན་འོག་ཏུ་བོད་ཀྱི་བྱིས་པ་ཚོར་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་གནང་འདུག
འདི་ཚེས་༢༠སྟེ་འཛམ་གླིང་བྱིས་པའི་ཉིན་མོར། དབྱིན་ཡུལ་ནང་གནས་སྡོད་བོད་མི་རྣམས་དང་བོད་རང་དབང་ཚོགས་པ་གཉིས་ཀྱི་མཉམ་དུ། དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་མདུན་ཐང་དུ་བོད་པའི་ཕྲུ་གུ་དང་ཕ་མ་བཅས་འདུ་འཛོམས་ཀྱིས་སྲུང་བརྩི་དང་སྦྲགས། བོད་ནང་རྒྱ་ནག་གི་སྡུག་རྩུབ་དྲག་གནོན་འོག་བོད་ནང་རང་ལོ་བཞི་ནས་བཅོ་བརྒྱད་བར་གྱི་བྱིས་པ་ས་ཡ་གཅིག་ཙམ་ཕ་མ་དང་ནང་མིར་ཁ་ཐག་རིང་བའི་རྒྱ་མིའི་གཏན་འཇགས་བཅའ་སྡོད་སློབ་གྲྭར་གནས་སྤོས་བྱས་ཏེ། བོད་མི་རྣམས་ཆུང་དུས་ནས་རྒྱ་བསྒྱུར་བྱེད་ཐབས་སྤྱད་ནས་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་བ་རྩ་མེད་གཏོང་རྒྱུའི་ངན་ཇུས་ལག་བསྟར་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་བྱས་འདུག
ལས་འགུལ་དེ་བོད་ཀྱི་གཟའ་མཇུག་སྐད་ཡིག་སློབ་གྲྭའི་སློབ་མ་དང་ཕ་མ་རྣམས་མཉམ་སྦྲེལ་གྱིས་གནང་འདུག་ལ། ད་ཐེངས་ཀྱི་ལས་འགུལ་སྣེ་ཁྲིད་གནང་མཁན་དབྱིན་ཡུལ་བོད་རིགས་
ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་དང་བོད་རང་དབང་ངམ་(Free Tibet)་ཞེས་བོད་པའི་ཚོགས་པའི་ལས་འགུལ་འགན་འཛིན་ཇོན་ཇོནྶེ་རྣམ་གཉིས་ཡིན་འདུག བསྟན་འཛིན་ཀུན་དགའ་ལགས་ཀྱིས་བོད་ནང་དུ་བོད་ཕྲུག་ཚོའི་གནས་སྟངས་བློ་ཚབས་སྐྱེས་གཞིའི་འོག་གནས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡུལ་སྐོར་བ་མང་པོ་ཡོད་སའི་དབྱིན་ཇིའི་གྲོས་ཚོགས་མདུན་སློབ་ཕྲུག་ཚོས་བོད་ཀྱི་རྒྱལ་དར་དང་ལག་བྱང་ཡི་གེ་འདྲ་མིན་བསྣམས་ཡོད་པའི་ཐོག་བོད་ནང་བྱིས་པ་ལོ་བཞི་དང་གསུམ་ཡན་ཆད་ཕ་མ་དང་ཁ་བྲལ་བཏང་ཡོད། བོད་ཀྱི་བྱིས་པ་སྲུང་སྐྱོབ་དགོས། འདྲ་མཉམ་དང་མཉམ་འདུས། བོད་ཀྱི་བྱིས་པ་ས་ཡ་གཅིག་རྒྱ་ནག་གཞུང་གིས་ཕ་མ་ནས་ཁ་བྲལ་བཏང་ཡོད།
བོད་ཀྱི་སྐད་ཡིག་དང་རིག་གཞུང་དམ་བསྒྲགས་བྱེད་ཀྱི་ཡོད་ཅེས་སོགས་བྲིས་ནས་ངོ་རྒོལ་བྱས་ཡོད་འདུག
ཁེ་ཎ་ཌར་རྟེན་གཞི་བྱས་པའི་བོད་ཀྱི་ལས་དོན་ཁང་(Tibet Action Insitute)་ཞེས་པས་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ལོ་བཞི་ཡན་ཆད་ས་ཡ་གཅིག་ཙམ་ཕ་མ་དང་ཁ་ཐག་རིང་སའི་རྒྱ་ནག་གི་གཏན་འཇགས་སློབ་གྲྭར་བཅུག་ཡོད་པ་དང་། དེ་ནི་བོད་ཀྱི་བྱིས་པའི་གྲངས་འབོར་བརྒྱ་ཆ་༧༨ལྷག་ཡིན་ལུཌ་སྙན་ཐོ་བཏོན་པའི་ནང་བཀོད་ཡོད་པ་རེད།


གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎