མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་ཀྱི་གནད་དོན་གླེང་འདུག

2019-03-14
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐེངས་བཞི་བཅུ་པའི་ཚོགས་ཐེངས་བཞི་པ་དང་བསྟུན་བོད་མི་ཚོས་བོད་ནང་གི་གནས་སྟངས་གསལ་བཏོན་གནང་སྐབས། ༢༠༡༩།༣།༡༣
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐེངས་བཞི་བཅུ་པའི་ཚོགས་ཐེངས་བཞི་པ་དང་བསྟུན་བོད་མི་ཚོས་བོད་ནང་གི་གནས་སྟངས་གསལ་བཏོན་གནང་སྐབས། ༢༠༡༩།༣།༡༣
OOT Geneva

ནུབ་ཕྱོགས་མང་གཙོའི་ཡུལ་གྲུ་ཁག་གཅིག་གི་སྐུ་ཚབ་ཚོས་བོད་ཀྱི་གནད་དོན་ལ་ཐུགས་འཚབ་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་གསུངས་འདུག
སུད་སིའི་གྲོང་ཁྱེར་ཇེ་ནི་ཝའི་ནང་བསྐོང་ཚོགས་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་བཞི་བཅུ་པའི་ཚོགས་ཐེངས་བཞི་པའི་ཐོག་ཡོ་རོབ་ཀྱི་ཡུལ་གྲུ་ཇར་མེ་ནི་དང་། ཧྥརན་སི་སོགས་ཀྱིས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་གཏམ་བཤད་གནང་འདུག
ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཆེད་ལས་པ་སྐལྡན་མཚོ་མོ་ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་མུ་འཐུད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པ་དང་། བོད་ཀྱི་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་རང་དབང་མི་སྤྲོད་པའི་སྐོར་སོགས་གཞུང་འབྲེལ་མིན་པའི་ཚོགས་པའི་ངོ་བོའི་ཐོག་ནས་རྒྱལ་ཚོགས་ལ་སྙན་སེང་ཞུས་འདུག་ཅིང་། ཁོང་གིས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་སླར་གསོ་འབྱུང་ཐབས་སུ་རྒྱལ་ཚོགས་ཀྱི་ངོས་ནས་རོགས་འདེགས་འབོད་སྐུལ་ཡོང་བའི་རེ་འདུན་བཏོན་གནང་འདུག  ཚོགས་འདུ་དེའི་ཐོག་ཇར་མེན་གཞུང་གི་སྐུ་ཚབ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཞེན་པོ་ཡོད་པ་དང་བོད་མིའི་གཞི་རྩའི་རང་དབང་ལ་གུས་བརྩི་དགོས་པའི་གཏམ་བཤད་གནང་འདུག་ལ། ཧྥརནསི་གཞུང་གི་སྐུ་ཚབ་ཀྱིས་བོད་དང་ཤར་ཏུར་ཀིསི་ཐན་གྱི་མི་རིགས་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་དཔེ་མཚོན་དུ་བཀོད་ནས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱས་འདུག
ཕྱི་ཚེས་ ༡༣ ཉིན་ཆབ་སྲིད་བཙོན་ཟུར་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན་པའི་ཟུར་ཚོགས་ཤིག་གི་སྐབས། བོད་ནང་གི་བོད་མི་ཚོར་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པ་དང་། ཁོང་རང་ཉིད་རྒྱ་ནག་གི་བཙོན་ཁང་ནང་ལུས་སེམས་གཉིས་ཀྱི་མནར་གཅོད་མྱངས་པའི་མྱོང་ཚོར་སོགས་ངོ་སྤྲོད་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།