རྒྱ་ནག་ནང་གི་བོད་ལྗོངས་མི་རིགས་སློབ་ཆེན་དང་བོད་རིགས་སློབ་མའི་དཀའ་ངལ།

2019-01-09
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ནང་གི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དྲ་ངོས། ༢༠༡༩།༡།༩
རྒྱ་ནག་ནང་གི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དྲ་ངོས། ༢༠༡༩།༡།༩
དྲ་བཤུས།

རྒྱ་ནག་ནང་གི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་སྐད་ཡིག་གི་བསླབ་གཞི་དཀོན་པར་བརྟེན་བོད་རིགས་སློབ་ཕྲུག་ཚོར་དཀལ་ངལ་འཕྲད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་ནང་བོད་པའི་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་ཧྲན་ཞིས་ཞིང་ཆེན་ཤན་ཡཱང(咸阳)་ལཡོད་པའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ཞེས་བར་མིང་བཏགས་པ་ཙམ་ལས་དོན་དངོས་བོད་ཀྱི་སྐད་ཡིག་དང་། རིག་གནས་ཀྱི་བསླབ་གཞི་མེད་པ་དང་། བོད་ཡིག་ཆེད་ལས་རིག་པ་ཉུང་ཉུང་ཡིན་པ། མི་རིགས་ཞིབ་འཇུག་སློབ་གླིང་ལས་གཞན་བོད་ཡིག་གི་ཆེད་ལས་དང་ཆེད་ལས་སྦྱང་ས་མེད་པས་སེམས་སྐྱོ་དགོས་བ་རེད་ལ་སློབ་ཆེན་དེའི་ནང་ཁྱོན་སྡོམ་སློབ་ཕྲུག་༦༠༠༠ ལྷག་ཙམ་ཡོད་པ་ནས་ཕྱེད་ཀ་ཙམ་བོད་རིགས་ཡིན་ནའང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཉུང་བས་རྐྱེན་གྱིས་སློབ་གཉེར་ཁང་དེའི་ནང་གི་བོད་རིགས་སློབ་ཕྲུག་ཚོར་དཀལ་ངལ་འཕྲད་བཞིན་པ་བརྗོད་འདུག
ཡང་བོད་མི་གཞན་ཞིག་གིས། རྒྱ་ནག་ནང་གི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་། གསོ་རིག་གཙོས་ཆེད་ལས་ཀྱི་སློབ་ཚན་ཁག་༡༡ ཡོད་ཅིང་། དེ་དག་ཚང་མ་རྒྱ་ཡིག་མ་གཏོགས་བོད་ཡིག་ནང་མཐོང་རྒྱུ་མེད་པ་དང་། ལྷག་པར་དུ་གསོ་རིག་ཐོག་ཆེད་ལས་ཀྱི་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་གསུངས་འདུག
འདི་ཚེས་༩ ཉིན་འདི་ནས་བོད་ལྗོངས་མི་རིགས་སློབ་གྲ་ཆེན་མོའི་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཉུང་བར་བརྟེན་བོད་རིགས་སློབ་ཕྲུག་ཚོར་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་རྒྱང་སྲིང་ཞུས་ཤིང་། གསལ་བཤད་ཞུ་རྒྱུར། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ཞེས་པ་དེར་རྒྱ་སྐད་དུ་(西藏民族大学)དང་།དབྱིན་སྐད་དུ་(Tibet University for Nationalities) ཞེས་འབོད་སྲོད་ཡོད་པ་རེད། སློབ་གྲྭ་ཆེན་མོ་འདི་ནི་རྒྱ་ནག་གི་རྒྱལ་ས་རྙིང་པ་ཞི་ཨན་གྱི་ཉེ་འཁྲིས་ཧྲན་ཞི་ཞིང་ཆེན་གྱི་གྲོང་ཁྱེར་ ཞཱན་ཡང་ལ་ཆགས་ཡོད་ཅིང་། སློབ་གྲྭ་ཆེན་མོ་དེ་ཕྱི་ལོ་ ༡༩༥༨ ལོར་བོད་རིགས་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཆེད་བཙུགས་པ་ཞིག་ཡིན་པ་རེད།
ཐོག་མར་སློབ་གྲྭ་དེ་གསར་བཙུགས་སྐབས་བོད་ལྗོངས་མང་ཚོགས་སློབ་གྲྭ་ཞེས་མིང་བཏགས་འདུག འོན་ཀྱང་ཕྱི་ལོ་ ༡༩༦༨ ལོར་ད་ལྟའི་མིང་བོད་ལྗོངས་མི་རིགས་སློབ་གྲྭ་ཞེས་པར་མིང་བསྒྱུར་བྱས་འདུག སློབ་གྲྭ་འདི་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ཡོད་རུང་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག འདི་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ཐ་དད་ཡིན་པ་རེད། རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་གྱི་ནང་ཡོད་པའི་བོད་ལྗོངས་མི་རིགས་སློབ་གྲ་ཆེན་མོ་འདི་བཞིན་བོད་རིགས་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཚོའི་ཆེད་བཙུགས་པ་བརྗོད་བཞིན་ཡོད་ན་ཡང་། སློབ་གྲྭ་དེའི་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཉུང་བར་བརྟེན་བོད་རིགས་སློབ་ཕྲུག་ཚོར་དཀའ་ངལ་འཕྲད་བཞིན་པ་རེད།
ཡང་ཕྱི་ལོ་༢༠༡༦ ལོའི་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དྲ་ཚིགས་ཐོག་སྤེལ་བའི་གནས་ཚལ་ལ་གཞིགས་ན། བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་ཁྲིན་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གི་སྒོ་ཆེན་སྟེང་དུ་ “ང་ནི་ཀྲུང་གོའི་བྱིས་པ་ཡིན། རྒྱ་སྐད་བཤད་རྒྱུར་དགའ།” ཞེས་པའི་འཕྲེད་དར་འཕྱར་ཡོད་པའི་འདྲ་པར། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ཁུལ་དུ། སློབ་ཆུང་ཨང་རྩིས་བསླབ་གཞི་རྒྱ་བསྒྱུར་བྱེད་ཀྱིན་པ་དེ་ནི། བོད་མི་རིགས་ཀྱི་ “ སྐད་ཡིག་གཞན་བསྒྱུར ” བྱེད་ཐབས་ཀྱི་སྲིད་ཇུས་ཤིག་རེད་ཅེས་སྤེལ་གནང་འདུག།

གསར་འགོད་པ་བློ་བཟང་དགེ་ལེགས།

མཆན། (0)
Share
དྲ་གནས་ཆ་ཚང༌།