ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་གཉིས་བཞུགས་སྒར་རྡ་སར་ཕེབས་འདུག

2022.10.26
Share on WhatsApp
Share on WhatsApp
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་གཉིས་བཞུགས་སྒར་རྡ་སར་ཕེབས་འདུག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་གཉིས་དང་མཇལ་འཕྲད་གནང་སྐབས། ༡༠།༢༥།༢༠༢༢
CTA

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་(Maggie Dougherty)་ལགས་དང་། གྲོས་ཚོགས་གོང་མིའི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གི་ལས་བྱེད་འགན་འཛིན་(Matt Squeri)་ལགས་རྣམ་གཉིས་བཞུགས་སྒར་རྡ་རམ་སཱ་ལར་ཕེབས་འབྱོར་བྱུང་ཡོད་པ་དང་། འདི་ཚེས་༢༥ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་སྣེ་ཁྲིད་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་མཇལ་འཕྲད་གནང་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
སྤྱི་འཐུས་ཚོགས་གཙོ་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར། ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠པ་མཇུག་བསྒྲིལ་བ་དང་། ཞི་ཅིན་ཕིན་གྱི་ལས་ཡུན་གསུམ་པའི་ནང་བོད་ནང་གནས་སྟངས་ཇི་ཆགས་སོགས་ཀྱི་སྐོར་བཀའ་མོལ་ཞུས་ཡོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་རྣམ་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སེམས་ཚབས་ཡོད་པ་གསུངས་འདུག་ལ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀས་བོད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་འདུག
(Maggie Dougherty)་ལགས་ནི་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་(Jim Risch)་གྱི་ལས་བྱེད་མཐོ་གྲས་ཤིག་ཡིན་ལ། དེ་སྔོན་གྲོས་ཚོགས་གོང་མའི་འཐུས་མི་(Marco Rubio)་ལགས་ཀྱི་ལས་བྱེད་པ་གནང་འདུག་ལ།ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་ཟུར་པ་ལྕམ་(Nikki Haley)་ལགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་སློབ་སྟོན་པ་ཡང་གནང་མྱོང་ཡོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ལས་དོན་ཚོགས་ཆུང་ནི་གྲོས་ཚོགས་གོང་འོག་ཟུང་འབྲེལ་གྱི་ཚོགས་ཆུང་ཞིག་ཡིན་ཞིང་། (Matt Squeri)་ལགས་ནི། དེ་སྔོན་གྲོས་ཚོགས་གོང་མའི་མང་ཚོགས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་(Jeff Merkerly)་ ཕྱི་འབྲེལ་སྲིད་བྱུས་ཀྱི་སློབ་སྟོན་པ་གནང་མྱོང་འདུག་ལ། ཡང་དེའི་གོང་མང་གཙོ་ཚོགས་པའི་འཐུས་མི་ལྕམ་(Heidi Heitkamp)་ལགས་ཀྱི་ལས་བྱེད་པ་ཡང་གནང་མྱོང་འདུག

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎