བོད་པའི་སྤྱི་ཁང་དང་བོད་ཀྱི་སྲང་ལམ་དབུ་འབྱེད།

2019-06-03
གློག་འཕྲིན།
མཆན།
Share
པར་བཀོད།
ནེའུ་ཡོག་བོད་ཀྱི་སྲང་ལམ་དབུ་འབྱེད། ༢༠༡༩།༦།༢
ནེའུ་ཡོག་བོད་ཀྱི་སྲང་ལམ་དབུ་འབྱེད། ༢༠༡༩།༦།༢
USTN

ཨ་རིའི་ནེའུ་ཡོག་ནང་སྤྱི་ཁང་ཕུན་ཚོགས་སྡེ་བཞི་དབུ་འབྱེད་དང་མཉམ་ཉེ་འཁྲིས་ཀྱི་གཞུང་ལམ་སོ་གཉིས་པར་བོད་ཀྱི་སྲང་ལམ་ཞེས་མིང་བཏགས་འདུག
ཕྱི་ཟླ་༦པའི་ཚེས་༢རེས་གཟའ་ཉིན་མའི་ཉིན། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཐོག ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞི་དབུ་འབྱེད་རྟེན་འབྲེལ་གྱི་མཛད་སྒོ་གནང་ཡོད་པ་དང་། སྤྱི་ཁང་དབུ་འབྱེད་ཀྱི་མཛད་སྒོ་དང་སྟབས་བསྟུན་(Queens)་གྲོང་སྡེ་ལས་ཁུངས་ཀྱི་སྐུ་ཚབ་དང་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇི་མི་ཝན་སྦར་མར་(Jimmy Van Barmer)ལགས་ཀྱིས་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་གཞུང་ལམ་སོ་གཉིས་(32nd Ave)་པར་བོད་ཀྱི་སྲང་ལམ་(Tibet Way)་ཞེས་གྲོང་སྡེ་ལས་ཁུངས་ནས་མིང་བསྒྱུར་བྱ་རྒྱུ་བཀའ་ཁྲོལ་གཏན་འབེབས་བྱུང་ཡོད་པ་གསལ་བསྒྲགས་གནང་པ་དང་། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་སྲིད་སྐྱོང་རྣམ་གཉིས་ནས་གཞུང་ལམ་གྱི་མིང་དེ་ཡང་དབུ་འབྱེད་གནང་འདུག
(Queens)གྲོང་སྡེ་ལས་ཁུངས་ཀྱི་སྐུ་ཚབ་ཇི་མི་ཝན་སྦར་མར་(Jimmy Van Bramer)ལགས་ཀྱིས། བོད་ཀྱི་སྲང་ལམ་ཞེས་པར་མིང་བསྒྱུར་བྱ་རྒྱུར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ལས་བྱེད་པ་ཚོས་འབད་བརྩོན་ཆེན་པོ་གནང་པར་འགྲེལ་བརྗོད་གནང་ཞིང་། ཁོང་གིས་ཁོ་ས་གནས་འདིའི་འཐུས་མི་དང་ས་གནས་དེའི་ནང་བོད་པའི་མི་འབོར་གནས་སྡོད་བྱ་ཡུལ་ཞིག་ཡིན་པར་སྤོབས་པ་ཡོད་ཅེས་གསུངས་འདུག
ཚོགས་ཁང་དབུ་བྱེད་ཀྱི་མཛད་སྒོའི་ཐོག་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་བློ་བཟང་སེངྒེ་རྣམ་གཉིས་ནས་བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྙིང་བཅང་བྱ་དགོས་པ་དང་། བོད་མིའི་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱི་ནུས་པ་མི་ཉམས་པ་བྱ་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱས་འཕེལ་ལགས་ཀྱིས། སྤྱི་ཁང་འདི་ཐོག་མར་ཕྱི་ལོ་༢༠༡༢ལོར་ཉོ་སྐབས་ཨ་སྒོར་ས་ཡ་བཞི་དང་འབུམ་བཞི་སོང་བ་དང་། དེའི་རྗེས་ཚོགས་ཁང་གསར་བཟོ་དང་ནང་གི་ཅ་དངོས་ཉོ་སྒྲུབ་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་བཅུ་འགྲོ་སོང་ཕྱིན་པ་ལས་ད་དུང་བུ་ལོན་ས་ཡ་དྲུག་ཙམ་ཡོད་པ་འགྲེལ་བརྗོད་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།