ཚེས་ཆེན་༡༥’འི་ཉིན་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞུ་བཞིན་པ།

དེ་རིང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥’འི་ཉིན་ནང་ཆོས་སྲུང་བརྩི་ཞུ་མཁན་ཚོས་དམིགས་བསལ་ཆོས་ཕྱོགས་ཀྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞུ་བཞིན་ཡོད་པ་རེད་

2008.06.18

༄༅༎དེ་རིང་ནི་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥ ཉིན་ཞིག་ཡིན་པར་བརྟེན་ ཉིན་འདིར་བོད་ལུགས་ནང་པའི་ལུགས་སྲོལ་ལྟར་དེ་རིང་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སྐུ་མྱ་ངན་ལས་འདས་པ་སངས་རྒྱས་པ་སོགས་དུས་གསུམ་མཉམ་བསྡུས་ཀྱི་གལ་ཆེའི་དུས་དྲན་ཉིན་མོ་ཞིག་ཡིན་པར་བརྟེན་བོད་ཕྱི་ནང་གང་སར་ཁྱབ་པའི་བོད་ཀྱི་ནང་ཆོས་སྲུང་བརྩི་ཞུ་མཁན་ཚོས་དམིགས་བསལ་ཆོས་ཕྱོགས་ཀྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞུ་བཞིན་ཡོད་པ་རེད་ སྤྱིར་སྟངས་བཤོད་སྲོལ་ལྟར་དེ་རིང་ཚེས་ཆེན་༡༥ ཉིན་དགེ་སྡིག་ལས་གང་བྱེད་པ་དེ་ཁྱབ་ཆེན་པོ་ཡོད་སྐོར་ཤོད་པ་ལྟར་དེ་རིང་རྣམ་དཀར་དགེ་བའི་ཆོས་ཕྱོགས་ཀྱི་ལས་དོན་མང་པོ་ཞིག་གནང་བཞིན་ཡོད་པ་དེ་ཚོའི་ནང་ཆོས་ཕྱོགས་ཀྱི་མཆོད་འབུལ་སྨོན་ལམ་ཞལ་འདོན་དང་དེ་བཞིན་སྤྲང་པོ་དབུལ་ཕོངས་ཚོར་སྦྱིན་པ་བཏང་བ་དང་དེ་བཞིན་སེམས་ཅན་སྲོག་ཆགས་ཀྱི་རིགས་སྲོག་བསླུ་གཏོང་བ་སོགས་ཀྱི་དགེ་བའི་ལས་དོན་མང་པོ་ཞིག་གནང་གི་ཡོད་པ་རེད་ རྩ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་ཕེབས་ནས་མི་རྣམས་ལ་སྟོན་པའི་ནང་ཆོས་བཟང་པོ་འདིའི་ཕན་ཡོན་ལས་དུས་ད་ལྟའང་འཛམ་གླིང་འདིའི་ནང་འཁྲུག་རྩོད་ཀྱི་ལས་རྣམས་ལ་གཉེན་པོར་བརྟེན་པའི་དགེ་བའི་ཆོས་རླབས་ཆེ་ཞིག་ཡིན་པ་འདིས་འཛམ་གླིང་ནང་ཕན་ཡོན་བསྔོ་ཐོགས་པ་ཞིག་བྱུང་ཡོད་པ་འདི་ཚང་མའི་མཁྱེན་ཆོས་སུ་ཡོད་པ་ཞིག་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎