ཁེ་ན་ཌའི་ནང་གི་བོད་མི་ཞིག་ལ་ཞི་བདེའི་བྱ་དགའ་ཐོབ་པ།

ཁེ་ན་ཌའི་ནང་གཏན་བཞུགས་གནང་མཁན་གྱི་བོད་མི་ཞིག་ལ་ཁེ་ན་ཌའི་མོན་ཏྲི་ཡོལ་ས་གནས་ཀྱི་ལོ་རེའི་ཞི་བདེའི་བྱ་དགའ་དེ་ཐོབ་ཡོད་པ་རེད་
2008-09-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དེ་ཡང་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ཉིན་ཁེ་ན་ཌའི་མོན་ཏྲི་ཡོལ་ས་གནས་ནང་བཞུགས་མཁན་བོད་མི་ཐུབ་བསྟན་བསམ་གྲུབ་ལགས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་གནང་བའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་ཞེས་པའི་ཉིན་ས་གནས་དེའི་ནང་སྐད་གྲགས་ཆེ་བའི་མའོན་ཏེ་རོ་ཡེལ་ཞེས་པའི་སྤྱི་གླིང་ནང་ཞི་བའི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་སྤེལ་ཡོད་པ་དང་། མཛད་སྒོ་དེའི་ཐོག་ཞི་བདེའི་ཆེད་ལས་དོན་སྤེལ་མཁན་གྱི་ཐེབས་རྩ་ཚོགས་པའི་འབྲེལ་ཡོད་འགན་འཛིན་དང་ དེ་བཞིན་སྙན་གྲགས་ཆེ་བའི་རོལ་དབྱངས་མཁས་པ་སོགས་མི་མང་པོ་ཞིག་ཆེད་ཕེབས་གནང་ཡོད་ཅིང་། བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་དེའི་ཐོག་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་བོད་མི་ཚོ་ནི་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ནས་འཐབ་རྩོད་ཀྱི་མིག་དཔེ་བཟང་པོ་གཏོད་མཁན་ཡིན་པའི་ཞི་བདེར་དགའ་བ་དང་ཞི་བདེའི་ཆེད་ལས་དོན་སྤེལ་མཁན་ཡིན་པའི་སྐོར་གཏམ་བཤད་སྤེལ་གནང་ཡོད་པ་དང༌། ད་དུང་ཁོང་གིས་ལོ་རྗེས་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེའི་ནང་ཞབས་སོར་འཁོད་རྒྱུའི་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་དང་འབྲེལ། མ་འོངས་ས་གནས་དེའི་ནང་གི་སློབ་གསོའི་ལས་དོན་ཡར་རྒྱས་གཏོང་རྒྱུ་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱིས་ཕན་རླབས་ཆེན་པོ་ཡོང་ངེས་ཡིན་པ་གསུང་ཡོད་པ་རེད། བོད་མི་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་དོན་ཐོག་ཕྱག་ལས་གནང་མྱོང་ཡོད་པ་དང། དེ་སྔོན་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་འགན་གནང་མྱོང་ཡོད་པའི་ཁར། དེང་སྐབས་༸གོང་ས་མཆོག་གི་ཁེ་ན་ཌའི་ཐེབས་རྩ་ཞེས་པའི་འགན་འཛིན་གནང་མུས་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།