ཨོ་སོ་ཀྲོ་ལི་ཡར་བོད་ཀྱི་གསོ་བ་རིག་པའི་སྨན་ཁང་གསར་བཙུགས།

བོད་རིགས་སྨན་པ་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་གཞིར་བཟུང་སྨན་བཅོས་ཁང་ཞིག་གསར་བཙུགས་གནང་འདུག
2008-07-13
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ནས་ བོད་དོན་རྒྱབ་སྐྱོར་བ་སུའུ་སྦུ་ལུམ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་མགྱོགས་འཕྲིན་བརྒྱུད་བཏང་བའི་གནས་ཚུལ་ལྟར་ན་ བོད་རིགས་སྨན་པ་དོན་གྲུབ་ཚེ་རིང་ལགས་ཀྱིས་ བོད་མི་མང་ཤོས་གཞིས་སྤོས་གནས་སའི་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་བྱང་ཕྱོགས་མཐའ་མཚམས་མཚོ་རྒྱུད་ས་ཁུལ་ལ་ ཁ་ས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་གཞིར་བཟུང་བདེ་བའི་ལྟེ་གནས་ཞེས་མིང་བཏགས་པའི་སྨན་བཅོས་ཁང་ཞིག་གསར་བཙུགས་སྒོ་འབྱེད་གནང་ཡོད་པ་རེད་ སྨན་པ་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་གཞིར་བཟུང་སྨན་བཅོས་ཁང་ཞིག་གསར་བཙུགས་གནང་བ་དེར་ཁུལ་དེར་གནས་བཞིན་པའི་བོད་མི་ཚོས་དགའ་མོས་ཆེན་པོ་འགྲེམས་སྟོན་གནང་བས་མ་ཟད་ སྒོ་འབྱེད་མཛད་སྒོ་གྲ་རྒྱས་ལྡན་པ་གནང་རྒྱུར་མཐུན་འགྱུར་རོགས་ཕན་ཅི་ཆེ་གནང་ཡོད་པ་རེད་ལ་ ས་གནས་ཀྱི་ཡུལ་མི་ཚོས་ཀྱང་དགའ་བའི་རྣམ་འགྱུར་དང་ རྗེས་སུ་ཡི་རང་ཞུས་ཡོད་པ་རེད་ བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་གཞིར་བཟུང་གི་སྨན་བཅོས་ཁང་དེ་བཞིན་ ནད་པར་བརྟག་དཔྱད་གནང་ས་དང་ སྨན་བཅོས་གནང་ས་ཙམ་མ་ཡིན་པར་ དེའི་ཐོག་ལ་ས་གནས་ཀྱི་ཕྱི་ནང་མི་མང་ཚོས་ཞལ་འདོན་དགེ་སྦྱོར་དང་ ཕན་ཚུན་མཉམ་འཛོམས་བྱ་སའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་མཚོན་པའི་ལྟེ་གནས་ཤིག་ཀྱང་ཆགས་རྒྱུ་ཡིན་པ་རེད་

ལྟེ་གནས་དེའི་ནང་ དཔེར་ན་ རེས་གཟའ་ཉི་མ་འཆར་ཅན་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་༤ དང་ཕྱེད་ཀ་ནས་འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་གཅིག་རིང་ དགེ་འདུན་པ་ཚོས་དབུ་བཞུགས་ཐོག་ ཞལ་འདོན་དང་ ཐོས་བསམ་སྒོམ་སྒྲུབ་སོགས་གནང་ཐོག་བོད་མིས་གཙོས་པས་བོད་ཀྱི་ནང་ཆོས་ཉམས་ལེན་བྱ་འདོད་ཡོད་མཁན་དང་ ནང་ཆོས་ཐོག་བརྟག་ཞིབ་བྱེད་འདོད་ཡོད་མཁན་རིགས་སུ་གཏོགས་པས་མཉམ་ཞུགས་གནང་ཆོག་རྒྱུའི་མཛད་རིམ་གཏན་འབེབས་ཟིན་ཡོད་པ་རེད་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ལྷ་སྨན་པ་ བསྟན་འཛིན་ཆོས་གྲགས་ལགས་ཀྱི་སྐུ་དྲུང་ནས་སྦྱང་པ་ཐར་སོན་པ་ཐོན་པའི་སྨན་པ་དོན་གྲུབ་ཚེ་རིང་ལགས་ཀྱིས་ བོད་ལུགས་གཞིར་བཟུང་ཙམ་གྱིས་མ་ཟད་ སྨན་བཅོས་གནང་སྟངས་ཀྱི་ཐབས་ལམ་གཞན་གྱི་བརྒྱུད་ནས་ སྤྱིར་བཏང་གི་ནད་རིགས་ཙམ་གྱིས་མ་ཟད་ ཡིད་ཞུམ་པའི་གདུང་བ་དང་ གཉིད་མ་ཁུག་པའི་གདུང་བ་ ཟས་བཅུད་དང་ སེམས་ཁམས་ཀྱི་ཟང་ཟིང་སོགས་ཀྱང་བཅོས་ཐབ་གནང་གི་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།