བཙན་བྱོལ་བོད་གཞུང་གི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྐོར།

ཤེས་རིག་བཀའ་བློན་མཆོག་ནས་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་བཀའ་སློབ་གསུང་བཤད་གནང་འདུག

2009.12.29

༄༅༎བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ལགས་ཀྱིས་ལོ་རབས་བདུན་བཅུའི་མཇུག་ཙམ་ནས་བཙན་བྱོལ་བོད་ཕྲུག་ཚོའི་ཤེས་ཡོན་གྱི་ལས་དོན་ཐད་འཐུས་ཤོར་ངེས་གཏན་སོང་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པ་གསུངས་འདུག།

དེ་ཡང་ཁ་སང་གཟའ་ཟླ་བའི་ཕྱི་ཟླ་བཅིུས་པའི་ཚེས་ཉི་ཤུ་བརྒྱད་ཉིན་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་འཚམས་ཞུ་དང་ངོ་སྤྲོད་ཀྱི་གསུང་བཤད་གནང་སྐབས་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ལགས་ཀྱིས་ཕྱི་ལོ་༡༩༥༩ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དུས་གསུམ་གསལ་གཟིགས་ཀྱི་རླབས་ཆེན་བཞེས་དགོངས་ཟབ་མོས་དཀའ་རྙོག་དང་བཞེས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཀྱི་སློབ་གྲྭ་ཟུར་འཛུགས་བསྐྱངས་པའི་མཛད་བྱུས་ཀྱི་ཐུགས་རྗེ་འཕྲིན་ལས་དང༌། སྐབས་དེའི་མཛད་གཙོ་གཞུང་ཞབས་བཅས་པ་ཕལ་ཆེ་བ་ཕྱིའི་སྐད་ཡིག་གིས་འདེང་པ་དང་ཆེད་སྦྱོང་སོགས་མེད་ཀྱང༌། མགོན་པོ་གང་གི་བཀའ་སློབ་ལམ་སྟོན་གཡོ་བ་མེད་པར་སྤྱི་བོར་བླངས་ཤིང༌། ལྷག་བསམ་དང་སེམས་ཤུགས་འབད་རྩོལ་བཅས་ལ་བརྟེན་ནས་གཞུང་དང་ཤེས་ཡོན་གྱི་བསྟི་གནས། གཞན་ཡང་ཚོགས་པ་སྒྲིག་འཛུགས་ཕལ་མོ་ཆེའི་ནང་རང་མིས་རང་ལས་ཐུབ་པ་དང༌། རྒྱལ་སྤྱིའི་ནང་དུ་ཡང་བོད་མིའི་ངོ་བོ་མཚོན་ཐུབ་ངེས་ཀྱི་གྲུབ་འབྲས་བཟང་པོ་བྱུང་ཡོད། འོན་ཀྱང་ཕྱི་ལོ་བདུན་བཅུའི་མཇུག་ཙམ་ནས་སེམས་ཤུགས་དང་ལྷག་བསམ་འབད་རྩོལ་གྱིས་རང་འགུལ་གྱི་ལས་ཀ་རིམ་བཞིན་ཇེ་ཞན་ཇེ་ཞན་སོང་སྟེ་འཆར་ཅན་རྒྱུན་སྲོལ་དང་གོམས་གཤིས་ལྟ་བུར་གྱུར་ཏེ་གསར་གཏོད་དང་རྒྱུན་ལྡན་མཇུག་སྣོན་ལྟ་རྟོགས་མ་ཐུབ་པ། སྤྱི་ཚོགས་ཀྱི་སློབ་གསོའི་ཁ་ཕྱོགས་ཀྱང་ངན་ཕྱོགས་སུ་སོང་བ་བཅས་ཀྱིས་འཐུས་ཤོར་ངེས་གཏན་སོང་ཡོད་པ་ནི་གཡོལ་ཐབས་མེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎