བོད་མིས་རྒྱ་གར་དུ་བཅའ་སྡོད་རྒྱ་མིའི་གཞུང་ཚབ་མདུན་ངོ་རྒོལ།

རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་གི་མདུན་བོད་མི་བརྒྱ་ཕྲག་ཅིག་གིས་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་སྤེལ་རྒྱུར་ངོ་རྒོལ་སྐད་འབོད་གནང་འདུག

2008.08.07

༄༅༎རྒྱ་གར་ནང་ཡོད་པའི་བོད་མི་བརྒྱ་ཕྲག་ཅིག་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་གོང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྒྱ་གར་ཉེན་རྟོག་པའི་དམ་བསྒྲགས་ཆེན་པོའི་འོག་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་སྤེལ་རྒྱུར་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།

ངོ་རྒོལ་ནང་བཞུགས་མཁན་བོད་མི་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་དང་དེ་བཞིན་ པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་སྤེལ་རྒྱུར་ངོ་རྒོལ་ཡོད་ཅེས་འཁོད་པའི་འཕྲེད་དར་སོགས་འཁྱེར་ནས་ངོ་རྒོལ་གྱི་སྐད་འབོད་གནང་ཡོད་པ་དང༌། རྒྱ་གར་གྱི་ཉེན་རྟོག་དམག་མི་བརྒྱ་ལྷག་གིས་ངོ་རྒོལ་བྱེད་སའི་མཐའ་བསྐོར་ནས་ཆུ་སོགས་འཁྱེར་ནས་ངོ་རྒོལ་བ་ཚོས་རང་ཉིད་ཀྱི་ལུས་པོ་མེར་སྲེག་གཏོང་སྲིད་པར་སྔོན་འགོག་གྲ་སྒྲིག་བྱས་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཕེརན་སི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པར་འགྲེལ་བརྗོད་གནང་བར། ང་ཚོས་ཨོ་ལིམ་པིག་རྩེད་འགྲན་སྤེལ་བའི་རིང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེའི་ཐོག་ཚང་མས་དོ་སྣང་ཡོང་རྒྱུར་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཞེས་གསུང་བཞག བོད་ནང་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་༡༠ ནས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་ཇུས་ཐོག་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་རྗེས། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་རྒྱ་ནག་གཞུང་ཕྱོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་ཁར། ལྷག་པར་དུ་རྒྱ་གར་དང་བལ་ཡུལ་ནང་ད་དུང་ཡང་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎